首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > སྐབས་དོན་གསར་འགྱུར།

མི་འདིར་ཉེས་ཆད་སྒོར་4000བཏང་འདུག

2024-09-06 17:45:24

作者

次仁卓玛

评论
0




ཉེ་ཆར། གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ར་འཚོགས་ནས་ཉེན་ཆེའི་སྒོ་ནས་རླངས་འཁོར་བཏང་བའི་གྱོད་གཞི་ཞིག་ཞིབ་གཅོད་བྱས་པ་དང་། ཞུ་སྦྱོར་ཕྱི་མ་མགོན་ཆེ་གེ་མོས་ཉེན་ཆེའི་སྒོ་ནས་རླངས་འཁོར་བཏང་བའི་ནག་ཉེས་བསགས་པར་བཙན་ཉར་ལས་སྐུལ་ཟླ་བ་གཉིས་ཀྱི་ཉེས་ཆད་དང་ཆབས་ཅིག་དངུལ་ཆད་སྒོར་4000ཡང་བཅད་ཡོད་པ་རེད།

གྱོད་དོན་མདོར་བསྡུས།



2024ལོའི་ཟླ་7པའི་ཚེས་25ཉིན་གྱི་ཕྱི་དྲོའི་ཆུ་ཚོད་6པ་ཙམ་ལ། ཞུ་སྦྱོར་ཕྱི་མ་མགོན་ཆེ་གེ་མོས་དིང་རི་རྫོང་ལོ་ལོ་ཆུ་ཚན་དུ་ཆང་རག་བཏུངས་རྗེས་འཕྲུལ་སྒུལ་འཁོར་རིགས་བཏང་ནས་དིང་རི་རྫོང་གྲོང་དུ་བསྐྱོད་པའི་ལམ་བར་དུ། དིང་རི་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ལས་སྒྲུབ་མི་དམངས་ཉེན་རྟོག་པས་རྩད་ཆོད་པ་རེད། ཞིབ་དཔྱད་བྱས་པ་བརྒྱུད། ཞུ་སྦྱོར་ཕྱི་མ་མགོན་ཆེ་གེ་མོའི་ཁྲག་ནང་ཆང་བཅུད་འདུས་ཚད་ནི་208.08mg/100mLཟིན་ཡོད་པ་རེད།

དིང་རི་ཁྲིམས་ཁང་གིས་ཞིབ་གཅོད་བྱས་པར་གཞིགས་ན། ཞུ་སྦྱོར་ཕྱི་མ་མགོན་ཆེ་གེ་མོས་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ཁྲིམས་སྲོལ་དང་འགལ་ཏེ་ར་བཟི་ནས་འཕྲུལ་སྒུལ་འཁོར་རིགས་བཏང་བའི་བྱ་སྤྱོད་དེ་ཉེན་ཆེའི་སྒོ་ནས་རླངས་འཁོར་བཏང་བའི་ནག་ཉེས་སུ་གྲུབ་ཡོད་ཅིང་། གྱོད་དོན་གྱི་དོན་དངོས་དང་ངོ་བོ། ཉེས་ཚབས་བཅས་ལ་གཞིགས་ནས་ཁྲིམས་ཁང་གིས་གོང་གསལ་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།



点赞

收藏

评论
已输入0
全部评论
加载更多评论