首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > སྐབས་དོན་གསར་འགྱུར།

རྐུན་མ་གཡག་ཆེན་འདི་རེད།

2024-09-06 17:47:22

作者

次仁卓玛

评论
0



    ཟླ་8པའི་ཚེས་14ཉིན་གྱི་ཕྱི་དྲོའི་ཆུ་ཚོད་4པ་ཙམ་ལ། གླིང་སྐོར་བྱང་ལམ་གྱི་གསེར་ཚོང་ཁང་ཞིག་གི་སྤྱི་ཁྱབ་ཅིང་ལི་ཝང་ཆེ་གེ་མོས། ཁོའི་ཚོང་ཁང་ནང་གི་རིན་གོང་སྒོར་196520ཟིན་པའི་གསེར་གྱི་ལག་གདུབ་3དང་གསེར་གྱི་མགུལ་རྒྱན་1བོར་བའི་སྙན་སེང་ཞུས་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་མྱུལ་ཞིབ་མི་སྣར་སྙན་སེང་འབྱོར་རྗེས། འཕྲལ་དུ་ས་ཡུལ་དངོས་སུ་བསྐྱོད་དེ། བརྟག་དཔྱད་དཔང་ལེན་གྱི་ལས་དོན་སྤེལ་བ་རེད། 

    གསེར་ཚོང་ཁང་ནང་རྩད་ཞིབ་བྱས་པར་བརྒྱུད། ཚོང་ཁང་དེའི་སྒོ་དང་སྒེའུ་ཁུང་། ཉེན་འགོག་སྒམ་བཅས་ཚང་མར་རྐུ་ཤོར་བའི་ཤུལ་མེད་པ་དང་།  རྒྱུན་དུ་གསེར་ཆས་བླུགས་སའི་ཉེན་འགོག་སྒམ་གྱི་ལྡེ་མིག་ནི་གཙོ་གཉེར་ཀྲང་ཆེ་གེ་མོའི་སར་ཡོད་པས། མྱུལ་ཞིབ་མི་སྣས་བརྟག་དཔྱད་བྱས་པ་བརྒྱུད། གཙོ་གཉེར་ཀྲང་ཆེ་གེ་མོར་ཉེས་གསོག་དོགས་གཞི་ཆེན་པོ་ཡོད་པ་རེད། ཟླ8པའི་ཚེས་14ཉིན། དོགས་ཡོད་ཉེས་ཅན་ཀྲང་ཆེ་གེ་མོས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ཏུ་གསེར་བརྐུས་པའི་ཉེས་གསོག་ངོས་ལེན་ཞུས་པ་རེད།




    ཞིབ་བཤེར་བྱས་པ་བརྒྱུད། ད་ལོའི་ཟླ་དང་པོ་ནས་ཟླ་བདུན་པའི་བར། དོགས་ཡོད་ཉེས་ཅན་ཀྲང་ཆེ་གེ་མོས་སོ་སོ་ཚོང་ཁང་གི་གཙོ་གཉེར་ཡིན་པའི་སྟབས་བདེ་དང་བསྟུན་ནས། ལས་རོགས་གཞན་དག་གིས་དོ་སྣང་མེད་སྐབས། སྔ་རྗེས་སུ་རྐུ་ཐེངས་བཞི་བྱས་ཏེ་ཚོང་ཁང་ནང་གི་ཁྱོན་གསེར་ཁེ་343.4ཟིན་པའི་གསེར་གྱི་ལག་གདུབ་3དང་གསེར་གྱི་མགུལ་རྒྱན་1བརྐུས་རྗེས་བསྐྱར་མི་གཞན་ལ་བཙོངས་ནས། རིན་གོང་བསྡོམས་འབོར་སྒོར196520ཟིན་ཡོད།

    མིག་སྔར། དོགས་ཡོད་ཉེས་ཅན་ཀྲང་ཆེ་གེ་མོ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཤིང་། རྐུ་ཤོར་བའི་གསེར་ཁེ་250.88ཕྱིར་བླངས་ཟིན་པ་དང་། གསེར་ཁེ་ལྷག་མ་རྣམས་ཀྲང་ཆེ་གེ་མོས་དངུལ་སྨར་སྐྱིན་ཚབ་འཇལ་རྒྱུ་ཡིན་པ་རེད། གྱོད་དོན་འདིར་མུ་མཐུད་ཐག་གཅོད་བྱེད་བཞིན་ཡོད།



点赞

收藏

评论
已输入0
全部评论
加载更多评论