首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 新闻轮播图

དེ་རིང་གི་གཞིས་ཀ་རྩེ་འཁྲུག་ཆ་ཤིན་ཏུ་དོད།

2024-09-06 12:49:05

作者

次仁卓玛

评论
0



དེ་རིང་སྔ་དྲོ། 2024ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་ལྔ་པའི་འགྲན་བསྡུར་དུམ་བུ་གསུམ་པ་གཞིས་ཀ་རྩེར་སྤྲོ་སེམས་འཁོལ་བའི་ངང་འགོ་ཚུགས་པ་རེད།









འགྲན་བསྡུར་དུམ་བུ་དེ་རྒྱལ་རྩེ་རྫོང་དཔའ་བོ་ལམ་ནས་ཐོན་ཏེ་རྒྱལ་ལམ་349དང་རྒྱལ་ལམ་318བརྒྱུད། མཐར་བསམ་གྲུབ་རྩེ་ཆུས་ཇིའི་ལུའུ་ལམ་ཆེན་དུ་སླེབས་ཀྱི་ཡོད་ཅིང་། སྤྱིའི་ལམ་ཚད་སྤྱི་ལེ་90.06ཡོད།






འགོ་ཚུགས་མེ་མདའི་སྒྲ་གྲགས་པ་དང་བསྟུན་ནས། རྒྱལ་ཁབ་ཕྱི་ནང་གི་འགྲན་བསྡུར་ནང་ཞུགས་མཁན་དཔུང་ཁག་22ཀྱི་བདམས་ཐོན་པ་150ལྷག་ཙམ་གྱིས་བྱ་འཕུར་བ་ལྟར་བསྐྱོད་དེ་ཛ་དྲག་གི་འགྲན་བསྡུར་བྱས་ཡོད།





འགྲན་ལམ་དེ་མྱང་ཆུ་གཙང་པོའི་འབབ་རྒྱུད་བརྒྱུད་དེ། ཡངས་ཤིང་རྒྱ་ཆེ་བའི་ཞིང་ཐང་། འཛམ་གླིང་ནས་ཀྱི་ཕ་ས་རྒྱལ་རྩེའི་མཛེས་སྡུག་གི་ཡུལ་ལྗོངས། ས་མཐོའི་ཤིང་ཏོག་སྔོ་ཚལ་གྱི་ཕ་ཡུལ་པ་སྣམ་གྱི་ཤིང་འབྲས་ཀྱི་དྲི་ཞིམ། དེ་བཞིན་གཞིས་ཀ་རྩེའི་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་གི་མཛེས་ལྗོངས་བཅས་མྱོང་རོལ་བྱས་ཆོག་གི་ཡོད།  ཟླ་བ་བརྒྱད་པ་ནི་གཞིས་ཀ་རྩེའི་ཆེས་མཛེས་སྡུག་ཉམས་དགའ་བའི་དུས་ཚིགས་ཤིག་ཡིན།




点赞

收藏

评论
已输入0
全部评论
加载更多评论