首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 新闻轮播图2

དྲོད་རླངས་མཁོ་འདོན་གྱི་རྣམ་གྲངས་འདི་བསམ་གྲུབ་རྩེ་ལ་ལག་བསྟར་་་་

2024-08-05 11:23:56

作者

ཚེ་རིང་རྒྱ་མཚོ།

评论
0






ཉེ་ཆར། གསར་འགོད་པས་གཞིས་ཀ་རྩེ་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་དྲོད་རླངས་མཁོ་འདོན་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བསམ་གྲུབ་རྩེ་ཆུས་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་རྣམ་གྲངས་འགོ་ཚུགས་གྲབས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བསམ་གྲུབ་རྩེ་ཆུས་ཀྱི་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་རྣམ་གྲངས་ནི་ལྗོངས་ཡོངས་ཀྱི་ཁག་དང་པོའི་ཚོད་ལྟའི་རྣམ་གྲངས་བདུན་གྱི་གྲས་ཤིག་ཡིན་ལ། རང་རེའི་གྲོང་ཁྱེར་གྱིས་གྲོང་ཁུལ་གཙོ་བོའི་གཅིག་སྡུད་དྲོད་རླངས་མཁོ་འདོན་གྱི་རྨང་གཞིའི་སྒྲིག་བཀོད་ལེ་ལག་ཚང་བའི་འཛུགས་སྐྲུན་བྱེད་ཐེངས་དང་པོ་དེའང་ཡིན་པ་རེད། རྣམ་གྲངས་འཛུགས་སྐྲུན་གྱི་ཇུས་གཞི་གཙོ་བོ་ནི་ཉི་ནུས་ཀྱིས་དྲོད་རླངས་མཁོ་འདོན་བྱེད་པ་དང་། དྲོད་ལྷེབ་སྒྲིག་སྦྱོར་བྱས་པ་བརྒྱུད་ཆུ་ཚ་པོ་འཁོར་རྒྱུག་བྱས་ནས་ཁང་པའི་ནང་དྲོད་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། ད་ཐེངས་ཚོད་ལྟ་བྱེད་པའི་དྲོད་རླངས་མཁོ་འདོན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་68ཙམ་ཡིན་པ་དང་། དྲོད་མཁོ་འདོན་ས་ཁོངས་ནི་བཀྲ་བདེ་ཤར་ལམ་གྱི་ལྷོ་ཕྱོགས་དང་། ཧེ་ལུང་ཅང་ལྷོ་ལམ་གྱི་ཤར་ཕྱོགས། དེ་བཞིན་མཐའ་འཁོར་ལམ་རྒྱུད་ཀྱི་ས་ཁོངས་བཅས་ཡིན། ས་ཁོངས་དེ་དག་དང་འབྲེལ་བ་ཡོད་པའི་སྤྱི་པའི་འཛུགས་སྐྲུན་དང་གྲོང་མིའི་ཁུལ་ཆུང་མཉམ་དུ་ཚུད་ཡོད་པ་རེད།

དྲོད་གཏོང་སའི་བཟོ་གྲྭ། རྒྱ་མཚོ་གཞུང་ཤང་ལས་འགྲོ་གྲོང་ཚོའི་ཤར་ཕྱོགས་དང་གནམ་ཐང་མྱུར་བགྲོད་གཞུང་ལམ་གྱི་ལྷོ་ཕྱོགས་སུ་གནས་ཡོད།
དྲོད་གཏོང་བའི་དུས་ཚོད་ནི། ཟླ་10པའི་ཚེས་22ཉིན་ནས་ཕྱི་ལོའི་ཟླ་3པའི་ཚེས་29ཉིན་བར་ཡིན་པ་དང་ཁྱོན་ཉིན་159ཡིན། དྲོད་མཁོ་འདོན་བྱེད་རིང་ཉིན་གང་ཆུ་ཚོད་24རིང་དྲོད་རྒྱུན་ཆད་མེད་པར་གཏོང་གི་ཡོད་པ་རེད།  གྲོང་མིས་དོ་ཁུར་བྱེད་པའི་གྲོན་དངུལ་ཚད་གཞི་དང་། དྲོད་རླངས་བསྒར་བའི་ཚད་གཞི། རྗེས་མཐུད་ཉམས་གསོ་སོགས་ཀྱི་གནད་དོན་ཐད་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ནས་གཤམ་དུ་ལན་གསལ་པོ་བརྒྱབ་ཡོད་དེ།
གྲོན་དངུལ་ཚད་གཞི།

ནས་སྐབས་གཏན་འཁེལ་བྱས་པའི་རིན་གོང་ནི་དྲོད་མཁོ་འདོན་དུས་ཚིགས་གཅིག་ལ་སྨི་གྲུ་བཞི་མ་རེར་སྒོར་20ལས་མི་བརྒལ་བ་དང་། མཐར་རིན་གོང་གཙོ་གཉེར་སྡེ་ཚན་གྱིས་ཁུངས་སྐྱེལ་དག་འབུད་བྱས་ནས་གཏན་འཁེལ་བྱ་རྒྱུ་ཡིན་པ་རེད། དམངས་འཚོར་གཟིགས་སྐྱོང་བྱ་ཆེད། གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་རིན་གོང་གཙོ་གཉེར་སྡེ་ཚན་དང་འབྲེལ་གཏུག་ཧུར་ཐག་བྱས་ནས་མང་ཚོགས་ཀྱི་གྲོན་དངུལ་འཇལ་བའི་ཚད་གཞི་དམའ་ཤོས་སུ་གཏོང་གང་ཐུབ་བྱ་རྒྱུ་ཡིན་པ་རེད།

རྗེས་མཐུད་ཉམས་གསོའི་ཐད།

ད་ཐེངས་ཀྱི་ཚོད་ལྟའི་རྣམ་གྲངས་འཛུགས་སྐྲུན་བྱེད་པར་སྲིད་གཞུང་གིས་དབང་ཆ་སྤྲད་དེ་དམིགས་བསལ་ཆོག་མཆན་ཡོད་པའི་གཉེར་སྐྱོང་ཁེ་ལས་ཀྱིས་མ་འཇོག་དང་། འཛུགས་སྐྲུན། གཉེར་སྐྱོང་བཅས་བྱས་ནས་བསྐྲུན་པ་ཞིག་ཡིན་པས། མང་ཚོགས་ཀྱིས་དྲོད་རླངས་སྒྲིག་ཆས་དང་སྒྲིག་སྦྱོར་ཐད་ཀྱི་འགྲོ་གྲོན་གང་ཡང་འདོན་དགོས་ཀྱི་མེད། རྣམ་གྲངས་བསྐྲུན་ཟིན་རྗེས་དྲོད་རླངས་སྒྲིག་ཆས་ཀྱི་ཉམས་གསོ་འཁོར་རྒྱུག་ཉམས་བཟོ་ཚན་པས་འགན་ཚང་མ་འཁུར་གྱི་ཡོད། འཛད་སྤྱོད་པས་དུས་ཐོག་ཏུ་དྲོད་རླངས་མཁོ་འདོན་གྱི་གྲོན་དངུལ་སྤྲད་ཚེ་དྲོད་རླངས་ལོངས་སུ་སྤྱད་ཆོག

དྲོད་རླངས་བསྒར་ཆོག་པའི་ཚད་གཞི།

ཐེངས་དང་པོའི་རྣམ་གྲངས་འཛུགས་སྐྲུན་ནང་འཇུག་རྒྱུའི་བརྡས་ཐག་བཅད་ནས་མོས་མཐུན་བྱས་པའི་དོ་བདག་གི་རྒྱ་ཁྱོན་ཁུལ་ཆུང་དེའི་སྤྱིའི་རྒྱ་ཁྱོན་གྱི་50%ཟིན་པ་མ་ཟད། ཐེངས་དང་པོའི་རྣམ་གྲངས་འཛུགས་སྐྲུན་ནང་འཇུག་རྒྱུའི་བརྡས་ཐག་བཅད་ནས་མོས་མཐུན་བྱས་པའི་ཁུལ་ཆུང་གི་དུད་ཚང་གི་གྲངས་འབོར་དེ་ཁུལ་ཆུང་དེའི་སྤྱིའི་དུད་ཚང་གི་50%ཟིན་ཚེ་གཞི་ནས་དྲོད་རླངས་བསྒར་ཆོག

བསྐྱར་ཞུས། འཆི་མེད།

ཞུ་དག ཚེ་རིང་རྒྱ་མཚོ།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

ཡིག་སྒྱུར། ཚེ་རིང་སྒྲོལ་མ།

སྒྲ་འཇུག ཚེ་རིང་རྒྱ་མཚོ།

རྒྱ་ཡིག་ཡོང་ཁུངས། ཇོ་རིའི་འཕྲིན་སྟེགས།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

点赞

收藏

评论
已输入0
全部评论
加载更多评论
热点推荐