首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 时政

ཧེ་ལུང་ཅང་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་དང་གཞིས་ཀ་རྩེ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱི་ག་སྦྱར་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

2024-07-17 11:07:50

作者

评论
0

ཉེ་ཆར། ཧེ་ལུང་ཅང་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་དང་གཞིས་ཀ་རྩེ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་དབར་བཞུགས་མོལ་གནང་སྟེ་འབྲེལ་ཡོད་ལས་དོན་གྱི་གནས་ཚུལ་སྙན་ཞུ་གསན་པ་མ་ཟད། ག་སྦྱར་རོགས་སྐྱོར་ལས་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད།

ཧེ་ལུང་ཅང་ཞིང་ཆེན་ཞིབ་དཔྱོད་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི། ཞིབ་དཔྱོད་དཔོན་ལིའུ་ཡུང་ཀྲི་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་ལའེ་ཡུང་ཅན་ཚོགས་འདུར་ཞུགས་ཡོད། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཞིབ་དཔྱོད་དཔོན་གཞོན་པ་སྒྲོལ་དཀར་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ལིའུ་ཡུང་ཀྲི་ཡིས་ཧེ་ལུང་ཅང་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་སྟོབས་ཤུགས་གཅིག་འགྲིལ་བཅས་བྱས་ཏེ་བརྩེ་སེམས་བོད་སྐྱོར་དང་ཚན་རིག་དང་མཐུན་པའི་བོད་སྐྱོར། ནུས་ཆེའི་བོད་སྐྱོར་བཅས་བོད་སྐྱོར་ལས་དོན་ཁག་ཡག་པོ་བསྒྲུབས་ཡོད། ས་གནས་གཉིས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤེལ་རེས་མཉམ་ལས་བྱེད་རྒྱ་ཆེར་གཏོང་དང་གཏིང་ཟབ་ཏུ་བཏང་ནས་ཆབ་སྲིད་འཛུགས་སྐྱོང་དང་ཞབས་ཞུ་འཕེལ་རྒྱས། ལྟ་སྐུལ་གྱོད་སྒྲུབ། ཞིབ་དཔྱོད་སྒྱུར་བཅོས། རིགས་གཞུང་ཞིབ་འཇུག  དཔུང་ཁག་འཛུགས་སྐྱོང་། གཞི་རིམ་གྱི་རྨང་གཞི་འཛུགས་སྐྱོང་སོགས་ཀྱི་ཐད་ནས་རྣམ་པ་མང་བ་དང་སྣ་མང་ཅན་གྱི་ཆ་འཕྲིན་མཉམ་སྤྱོད་དང་གྲུབ་འབྲས་མཉམ་སྐྲུན་བྱེད་པ། ཕྱོགས་ཡོངས་ནས་ཞིབ་དཔྱོད་ལས་དོན་གྱི་འདུ་ཤེས་དང་མ་ལག ལམ་སྲོལ། ནུས་པ་བཅས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་གསར་པ་དང་བྱེད་སྟངས་གསར་པ། བྱ་ཐབས་གསར་པ་བཅས་ཐུན་མོང་ཐོག་འཚོལ་ཞིབ་བྱེད་པ། ཞིབ་དཔྱོད་བྱ་གཞག་གི་རྣམ་པ་གསར་པ་མཉམ་དུ་གཏོད་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས་པའི་མཛུབ་སྟོན་གནང་བ་རེད། 

ཚོགས་འདུའི་ཐོག  ཧེ་ལུང་ཅང་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས་གཞིས་ཀ་རྩེ་གྲོང་ཁྱེར་ཞིབ་དཔྱོད་ཁང་དང་བཞད་མཐོང་སྨོན་རྫོང་ཞིབ་དཔྱོད་ཁང་། ཁང་དམར་རྫོང་ཞིབ་དཔྱོད་ཁང་། རིན་སྤུངས་རྫོང་ཞིབ་དཔྱོད་ཁང་བཅས་ལ་རོགས་སྐྱོར་མ་དངུལ་སྤྲོད་པའི་མཛད་སྒོ་ཡང་འཚོགས་པ་རེད།

གྲོང་སྤྱི་གཞོན་པ་ཡེ་ཧའེ་ཐའོ་དང་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཚེ་རིང་རྡོ་རྗེ། ཧེ་ལུང་ཅང་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱི་ཁག་བརྒྱད་པའི་བོད་སྐྱོར་སྣེ་ཁྲིད་པ་ཀྲུའུ་ཧྲེང་ཅེ་བཅས་ཞུགས་ཡོད་པ་རེད། 

(པ་སངས་ཆུང་བདག་གིས་བསྒྱུར་)


点赞

收藏

评论
已输入0
全部评论
加载更多评论
热点推荐