首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 时政

བསྡུས་གསལ་གསར་འགྱུར།

2024-07-17 11:19:41

作者

评论
0

● ཉེ་ཆར། གམ་པ་རྫོང་གམ་པ་གྲོང་རྡལ་གྱིས་རང་སྐྱོང་ལྗོངས་ཀྱི་གཞི་རིམ་རྐང་འཛིན་སྒྲོག་འགྲེལ་པ་ཉི་མ་ཚེ་རིང་ཁོངས་གཏོགས་ཁུལ་གྱི་གྲོང་ཚོ་གྲོང་ལྷན་དུ་གདན་ཞུ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཁྱིམ་སྲོལ་བཟང་པོའི་ཁྱིམ་ཚང་གི་སློབ་གསོ་དང་གོམས་སྲོལ་སྒྱུར་བ་སོགས་ཀྱི་ནང་དོན་ལ་དམིགས་ནས་སྐོར་སྐྱོད་སྒྲོག་འགྲེལ་བྱས་པ་རེད།

སྒྲོག་འགྲེལ་ཚོགས་འདུའི་ཐོག ཉི་མ་ཚེ་རིང་གིས་གཏམ་རྒྱུད་ཀྱི་རྣམ་པའི་ཐོག་ནས་ས་ཡུལ་དངོས་ཀྱི་མང་ཚོགས་ལ་གོམས་གཤིས་ངན་པའི་གནོད་འཚེ་དང་གོམས་སྲོལ་བསྒྱུར་རྒྱུའི་དགོས་ངེས་རང་བཞིན་བརྗོད་པ། མང་ཚོགས་ལ་རྒན་བཀུར་གཉེན་གཅེས་དང་རྨོངས་དད་སེལ་བ། ཚན་རིག་ལ་བརྩི་མཐོང་བཅས་བྱེད་པའི་འདུ་ཤེས་འཛུགས་དགོས་པ་མ་ཟད། རང་ངོས་ནས་འགོ་བཙུགས་ཏེ་ལུགས་རྙིང་སྲོལ་ངན་དང་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་རང་རྟོགས་ངང་བཀག་འགོག་བྱས་ཏེ་དུས་རབས་གསར་པའི་ལག་ལེན་བསྟར་མཁན་དང་གྲོན་ཆུང་བསྲི་ཚགས་དར་སྤེལ་གཏོང་མཁན་ཞིག་བྱ་རྒྱུར་བརྩོན་ལེན་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་རེད།

ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོས་གམ་པ་གྲོང་རྡལ་དུ་གོམས་སྲོལ་སྒྱུར་རྒྱུ་དེ་མི་ཚང་མས་ཤེས་པ་དང་མི་ཚང་མས་ལག་ལེན་བསྟར་བའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་ལ། དྲིལ་བསྒྲགས་བྱེད་སྒོ་ཁྱོན་ཐེངས་༢སྤེལ་བར་མང་ཚོགས་༣༠༠ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

● ཉེ་ཆར། ༢༠༢༤ལོའི་སྐྱིད་གྲོང་རྫོང་གི་གཞི་རིམ་ཞིང་ལས་ལག་རྩལ་ཁྱབ་གདལ་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ཁ་གསབ་རྣམ་གྲངས་ཀྱི་ཞིང་ལས་ལག་རྩལ་མི་སྣའི་གསོ་སྦྱོང་འཛིན་གྲྭ་སྐྱིད་གྲོང་གྲོང་རྡལ་དུ་སློབ་འགོ་ཚུགས་ཤིང་། རྫོང་དང་ཤང་གི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཞིང་ལས་ལག་རྩལ་མི་སྣ་དང་གྲོང་ཚོ་གྲོང་ལྷན་གྱི་ཚན་རྩལ་ཆེད་བསྐོས་པ་སོགས་མི་གྲངས་༥༥གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

གསོ་སྦྱོང་ཁྲོད། ཆེད་ལས་དགེ་རྒན་གྱིས་ཧི་མ་ལ་ཡ་ནས་ཨང་༢༢དང་ཧི་མ་ལ་ཡ་ནས་ཨང་༢༣གྱི་སོན་བཟང་འདེབས་འཛུགས་ལག་རྩལ་ཐད་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། སྐྱིད་གྲོང་རྫོང་གི་ཤང་གྲོང་རྡལ་ཁག་གི་གནམ་གཤིས་དང་ས་བབ་མཐོ་ཚད། དེ་བཞིན་ས་རྒྱུ་སོགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་གོ་བདེ་ལ་ཤེས་སླ་བའི་སྐད་ཆའི་ཐོག་ནས་ནས་ཀྱི་སོན་བཟང་ཁྱབ་གདལ་ཆ་རྐྱེན་དང་ཞིང་ནང་དོ་དམ་ལག་རྩལ། དེ་བཞིན་རྨོ་ཞིང་གི་ས་གཤིས་ནུས་པ་གོང་མཐོར་ཇི་ལྟར་གཏོང་རྒྱུ་སོགས་ཀྱི་ནང་དོན་ལ་འགྲེལ་བཤད་ཞིབ་ཚགས་བརྒྱབ་པ་དང་ཆབས་ཅིག་ཞིང་པ་མང་ཚོགས་ཀྱི་ཐོན་སྐྱེད་བྱེད་རིང་འཕྲད་པའི་དཀའ་གནད་སོགས་ལ་ལན་བརྒྱབ་པ་རེད།

ད་ཐེངས་ཀྱི་སློབ་སྦྱོང་བྱས་པ་བརྒྱུད། སློབ་མ་ཚོས་སྦྱངས་པ་གོ་ཆོད་ཡོང་བ་བྱས་ཏེ་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུའི་ལས་དོན་ཧུར་ཐག་བསྒྲུབ་ནས་འདི་ལོ་རྫོང་ཡོངས་ཀྱི་ཞིང་ལས་ལག་རྩལ་ཁྱབ་གདལ་མ་ལག་སྒྱུར་བཅོས་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

● ཉེ་ཆར། གཉའ་ལམ་རྫོང་གིས་ཞིང་ལས་ལག་རྩལ་མི་སྣ་ཡོངས་བསྒྲགས་ཐོག་གདན་ཞུ་བྱས་ནས་ཞིང་ལས་ལག་རྩལ་མི་སྣའི་གདན་ཞུའི་ཡིག་རྒྱུགས་ལས་དོན་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཡིག་རྒྱུགས་ནང་ཁྱོན་མི་གྲངས་༣༨ཞུགས་ཡོད་ཅིང་། ཡིག་རྒྱུགས་ཀྱི་ནང་དོན་འབྲོག་ལས་དང་འདེབས་འཛུགས་ལས་རིགས་སོགས་ཀྱི་ཆེད་ལས་ཤེས་བྱར་དམ་པོར་དམིགས་ཏེ་རྒྱུགས་སྤྲོད་སློབ་མའི་ཆེད་ལས་ཀྱི་ནུས་པ་དང་ལག་ལེན་གྱི་རྩལ་ནུས་ལ་ཁྱོན་ཡོངས་ནས་དཔྱད་ཞིབ་བྱེད་པ། ཉམས་མྱོང་དང་ཆེད་ལས་ཀྱི་ཤེས་བྱ་ལྡན་པའི་ཞིང་ལས་ལག་རྩལ་ཤེས་ལྡན་མི་སྣ་བདམས་ནས་གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་དཔུང་ཁག་འཐུས་ཚང་དང་སྟོབས་ཆེར་བཏང་སྟེ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

● སྤྱི་ཟླ་༧པའི་ཚེས་༡༢ཉིན། གཏིང་སྐྱེས་རྫོང་ཞིང་ལས་དང་གྲོང་གསེབ་དང་ཚན་རིག་ལག་རྩལ་ཅུད་ཀྱིས་ད་ཡོད་ཀྱི་ཞིབ་དཔྱད་ཚད་ལེན་ཐོན་ཁུངས་ལ་བརྟེན་ནས་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་མི་སྣ་སྒྲིག་འཛུགས་བྱས་ཏེ་སྐབས་བསྟུན་ཟུར་འཐེན་གྱི་བྱ་ཐབས་བརྒྱུད། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་གཉེར་སྐྱོང་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་སོགས་༣༠ལྷག་ཙམ་ལ་སྔོ་ཚལ་དང་ཤིང་ཏོག་དཔེ་འདེམས་ཞིབ་དཔྱད་ཚད་ལེན་བྱས་པ་རེད། ད་དུང་ཞིང་སྨན་ལྷག་འཕྲོ་ལུས་པ་སོགས་ཀྱིས་མི་ལུས་བདེ་ཐང་ལ་གནོད་འཚེ་བཟོས་པར་གཙོ་གནད་ཐོག་དམིགས་ཏེ་ཞིབ་དཔྱད་བྱས་ནས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་འགན་སྲུང་བྱས་ཡོད་པ་རེད།   (པ་སངས་ཆུང་བདག་དང་ཚེ་དབྱངས།

བདེ་སྐྱིད་བཅས་ཀྱིས་བསྒྱུར་)


点赞

收藏

评论
已输入0
全部评论
加载更多评论
热点推荐