སྤྱི་ཟླ་༧པའི་ཚེས་༡༤ཉིན། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་དང་པོས་གཞིས་ཀ་རྩེ་གྲོང་ཁྱེར་ལ་ཁག་དགུ་པའི་ཡིག་སྐུར་ངོ་བཅར་གྱི་ཐེར་འདོན་ཡིག་ཆ་༥བསྒྲུབ་རྒྱུར་སྤྲད་པ་དང་། ཕལ་ཆེ་བ་ཁ་པར་ཐོག་ནས་ཐེར་འདོན་བྱས་ཡོད་པ་རེད། སྦགས་བཙོག་གི་རིགས་གཙོ་བོ་ལྟར་དབྱེ་ན། འཛེར་སྒྲའི་སྦགས་བཙོག་ཐེབས་པའི་རིགས་༡ སྐྱེ་ཁམས་ལ་གཏོར་བརླག་དང་དེ་མིན་གཞན་རིགས་༡ གཞན་དག་རིགས་༡ གཞན་དག་རིགས་༡ རླུང་ཁམས་སྦགས་བཙོག་དང་དེ་མིན་གཞན་རིགས། སྐྱེ་ཁམས་གཏོར་བརླག་བཏང་བའི་རིགས་༡བཅས་ཡོད་པ་རེད། དེ་དག་སྲིད་འཛིན་ས་ཁོངས་ལྟར་དབྱེ་ན། བསམ་གྲུབ་རྩེ་ཆུས་ལ་གྱོད་གཞི་༣ ས་སྐྱ་རྫོང་ལ་གྱོད་གཞི་༡ གྲོ་མོ་རྫོང་ལ་གྱོད་གཞི་༡བཅས་ཡོད་པ་རེད།
སྤྱི་ཟླ་༧པའི་ཚེས་༡༤ཉིན་བར། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་དང་པོས་རང་རེའི་གྲོང་ཁྱེར་ལ་ཡིག་སྐུར་ངོ་བཅར་གྱི་ཐེར་འདོན་ཡིག་ཆ་༧༤བསྒྲུབ་རྒྱུར་སྤྲད་པ་དང་། ཚང་མ་འབྲེལ་ཡོད་ཚན་པར་རྩིས་སྤྲད་ཟིན་ཞིང་འབྲེལ་ཡོད་ཚན་པས་(སྡེ་ཁག་)སྒྲུབ་གཉེར་ཧུར་ཐག་བྱེད་བཞིན་ཡོད་པ་རེད། རང་སྐྱོང་ལྗོངས་ལྟ་ཞིབ་ཚོ་ཆུང་གི་བླང་བྱ་གཞིར་བཟུང་། ཡིག་སྐུར་ངོ་བཅར་གྱི་གྱོད་གཞི་སྒྲུབ་ཚུལ་ཉིན་༥ནང་ལྟ་ཞིབ་ཚོ་ཆུང་ལ་ལན་སྤྲད་ནས་དག་ཐེར་དང་ཐག་གཅོད་བྱས་ཚུལ་དུས་ཐོག་ཏུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་རེད།
ཞར་བྱུང་ཡིག་ཆ། བསྒྲུབ་རྒྱུར་སྤྲད་པའི་ཁག་དགུ་པའི་ཡིག་སྐུར་ངོ་བཅར་གྱོད་གཞིའི་གནད་དོན་གསལ་ཐོ།
རྩ་གཉིས་ཨང་རྟགས་བཤེར་ནས་གཟིགས་རོགས།
(ཚེ་རིང་རྒྱ་མཚོས་བསྒྱུར་)
点赞
收藏