སྤྱི་ཟླ་༧པའི་ཚེས་༡༥ནས་ཚེས་༡༦ཉིན་བར། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་དང་པོའི་ཙུའུ་ཀྲང་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཞིང་ལས་ཁོར་ཡུག་རྒྱུ་ནོར་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཚེ་ཕུན་གྱིས་གམ་པ་རྫོང་དུ་ལྟ་ཞིབ་གནང་བ་རེད། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་ཞུས་ཡོད་པ་རེད།
ཙུའུ་ཀྲང་གཞོན་པ་ཚེ་ཕུན་དང་བཅས་པས་སྔ་རྗེས་སུ་མཆོད་རྟེན་ཉི་མ་མཛེས་ལྗོངས་ཁུལ་དང་། མཆོད་རྟེན་བཟང་ཆུ་འཁྱགས་རོམ། མཐའ་སྲུང་འཛུགས་སྐྲུན་རྣམ་གྲངས། རྫོང་གྲོང་འཚོ་བའི་གད་སྙིགས་སྦས་ས། རྫོང་གྲོང་འཚོ་བའི་བཙོག་ཆུ་གཙང་སེལ་བཟོ་གྲྭ། འཛུགས་སྐྲུན་གད་སྙིགས་སྤུངས་ས། རྫོང་གྲོང་རླངས་འཁོར་ཉམས་གསོའི་ཁྱབ་ཁོངས། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་སོགས་ས་གནས་ས་ཐོག་ཏུ་བསྐྱོད་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད། རྫོང་ཨུད་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོར་གླེང་མོལ་བྱེད་པ་དང་། སྙན་ཞུ་ཉན་པ། དཔྱད་གཞིའི་ཡིག་རིགས་ལྟ་བ། ས་ཡུལ་དངོས་སུ་ཞིབ་བཤེར་བྱེད་པ། འདྲི་རྩད་བརྟག་དཔྱད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། གམ་པ་རྫོང་གི་ཉེ་བའི་ལོ་ཤས་རིང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་། སྦགས་བཙོག་འགོག་བཅོས་འགག་སྒྲོལ། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ། ཁོར་ཡུག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཁོར་རྒྱུག རེས་སྐོར་གཉིས་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་སོགས་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ལས་དོན་སྤེལ་ཚུལ་ཤེས་རྟོགས་བྱས་པ་རེད།
ཚེ་ཕུན་གྱིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་གནས་ལྔ་གཞི་གཅིག་གི་སྤྱིའི་ཁྱབ་བཀོད་ལ་གཅིག་གྱུར་སྐུལ་འདེད་གཏོང་བ་དང། སྒོ་ཀུན་ནས་བཞིའི་འཐབ་ཇུས་བཀོད་པར་མཐུན་སྦྱོར་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན་པའི་ཆ་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། རང་སྐྱོང་ལྗོངས་རིམ་པ་དེ་གའི་ལྟ་ཞིབ་ནི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་སྣུར་སྲིང་དང་ཁ་གསབ་ཅིག་ཡིན་ལ། མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་མགྱོགས་སུ་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་། ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་མི་དམངས་མང་ཚོགས་ཀྱིས་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གནད་དོན་སོགས་ལྟ་ཞིབ་ལས་དོན་གྱི་གཙོ་གནད་ལ་དམིགས་ནས། སྔར་བས་བློ་ཐག་ཆོད་པའི་རྣམ་འགྱུར་དང་། སྔར་བས་ནུས་ལྡན་གྱི་བྱེད་ཐབས། སྔར་བས་ཏན་ཏིག་གི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་བྱེད་དགོས་པའི་གསལ་སྟོན་བྱས་ཡོད་པ་རེད།
ཚེ་ཕུན་གྱིས། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་གཙོ་གནད་ནང་དོན་ལ་དམིགས་ཏེ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་དང་མི་དམངས་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དང་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱིས་ཧུར་ཐག་ཞུགས་པ་དང་རྒྱབ་སྐྱོར་ཧུར་ཐག་བྱེད་པ་བཅས་ཀྱི་ཁོར་ཡུག་ཟབ་མོ་གཏོད་དགོས། ལས་ཀའི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་། རང་རྟོགས་ཀྱིས་ལྟ་ཞིབ་དང་ལེན་བྱེད་པ། དངོས་ཐོག་བདེན་འཚོལ་བྱས་ནས་གནས་ཚུལ་ཡར་ཞུ་བྱེད་པ་བཅས་བྱེད་པ་ལས་གཡོལ་ཐབས་མི་བྱེད་པ་དང་། སྦ་གསང་སོགས་བྱ་མི་རུང་། གནད་དོན་དག་ཐེར་ཡོ་བསྲང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངོས་སུ་དམ་འཛིན་དང་དག་ཐེར་ཡོ་བསྲང་མཐའ་འཁྱོངས་བྱེད་པ་དང་། དུས་མཚུངས་སྒྲིག་སྲོལ་དང་ལམ་ལུགས་འཛུགས་རྒྱུར་མཐོང་ཆེན་བྱས་ཏེ་གནད་དོན་གཅིག་དག་ཐེར་ཡོ་བསྲང་དང་། ལམ་ལུགས་ཁག་ཅིག་འཐུས་ཚང་དུ་གཏོང་བ། སྐྱོན་ཆ་ཁག་ཅིག་སེལ་བ་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
(ཚེ་རིང་སྒྲོལ་མས་བསྒྱུར་)
点赞
收藏
རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་དང་པོའི་ཙུའུ་ཀྲང་གཞོན་པ་ཚེ་ཕུན་གྱིས་གམ་པ་རྫོང་དུ་ལྟ་ཞིབ་གནང་བ།
རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་དང་པོས་གཞིས་ཀ་རྩེ་གྲོང་ཁྱེར་ལ་ཁག་བཅུ་པའི་ཡིག་བསྐུར་ངོ་བཅར་གྱི་གྱོད་དོན་བསྒྲུབ་རྒྱུར་སྤྲད་པ།
རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་དང་པོའི་ཙུའུ་ཀྲང་གཞོན་པ་ལུའི་ཞུའེ་ཧྲེང་གིས་གཉའ་ལམ་རྫོང་དུ་ལྟ་ཞིབ་གནང་བ།