首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 时政

ཟླ་བ་ཚེ་རིང་གིས་གྲོང་ཁྱེར་ཡོངས་ཀྱི་ཉེན་ཟོན་སློབ་གསོའི་ཚོགས་འདུ་གཙོ་སྐྱོང་གནང་བ།

2024-07-20 11:55:28

作者

评论
0

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། སྤྱི་ཟླ་༧པའི་ཚེས་༡༦ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཟླ་བ་ཚེ་རིང་གིས་གྲོང་ཁྱེར་ཡོངས་ཀྱི་ཉེན་ཟོན་སློབ་གསོའི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ། ཉེན་བརྡ་རྒྱུན་སྒྲོག་མཐའ་འཁྱོངས་བྱེད་པ། གྱོད་གཞིར་བརྟེན་ནས་ཀུན་སྤྱོད་གླེང་བ་དང་གྱོད་གཞིར་བརྟེན་ནས་སྒྲིག་ཁྲིམས་གླེང་བ། གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་གླེང་བ། གྱོད་གཞིར་བརྟེན་ནས་འགན་འཁྲི་གླེང་བ་བཅས་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་ཚོར་བཀུར་ཞིང་སྐྲག་པ་དང་མཐའ་ཚད་གསལ་པོ་ཤེས་པ། རྨོངས་གཉིད་ལས་སད་པ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་གསུང་གནང་བ་རེད།

ཟླ་བ་ཚེ་རིང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ་སྒྲིག་ཁྲིམས་ཁག་དྲུག་སེམས་ནང་བརྟན་པོར་ངེས་པ་དང་ཕན་འབྲས་དངོས་ཐོན་པ་བྱེད་དགོས་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་པོ་སྲུང་ནས་ཏང་ལ་ལྷག་བསམ་རྣམ་དག་བྱ་རྒྱུ་བརྟན་སྲུང་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་སྲུང་སྐྱོང་གཉིས་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་དགོས་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་ནན་པོ་སྲུང་ནས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་ནན་ཏན་དང་ཏང་ཡོན་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། བརྩི་སྲུང་བཞི་དང་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་རྩ་འཛུགས་ཀྱི་ལེགས་ཆ་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས་པ། སྤྱོད་གཙང་གི་སྒྲིག་ཁྲིམས་ནན་པོ་སྲུང་ནས་རུལ་སུངས་ལ་ཆད་གཅོད་བྱེད་པའི་མཐོ་གནོན་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱེད་པ། གཙོ་འགན་འཁུར་མཁན་དང་འགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྤྱོད་ཚུལ་ཡོ་བསྲང་དང་ལེགས་བཅོས་ཏན་ཏིག་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གཞི་ཐིག་བརྟན་སྲུང་དང་དམར་ཐིག་ལས་མི་བརྒལ་བ་སོགས་བྱེད་དགོས་པ། མང་ཚོགས་ཀྱི་སྒྲིག་ཁྲིམས་ནན་པོ་སྲུང་ནས་དམངས་དོན་དུ་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་དང་མང་ཚོགས་ཀྱི་ལས་ཀའི་ནུས་པ་ཆེ་རུ་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྒྲིག་ཤུགས་ཆེན་བཅས་བྱས་ཏེ་དུས་རབས་གསར་པའི་མང་ཚོགས་ལམ་ཕྱོགས་སུ་ཏན་ཏིག་བསྐྱོད་དགོས་པ། ལས་ཀའི་སྒྲིག་ལམ་ནན་པོ་སྲུང་སྟེ་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་འགན་སྒྲུབ་སྤྱོད་དབང་ཚད་ལྡན་དུ་གཏོང་བ། སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་ལས་དོན་སྒྲུབ་པ་བཅས་བྱས་ཏེ་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས་པ། འཚོ་བའི་སྒྲིག་ལམ་ནན་པོ་སྲུང་ནས་རང་ངོས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་ནན་དུ་གཏོང་བ་སོགས་བྱེད་དགོས་པའི་ནན་གསུང་གནང་བ་རེད།

ཟླ་བ་ཚེ་རིང་གིས། ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་དགོས། རིམ་ཁག་ཏང་ཨུད་དང་ཏང་ཙུའུ་ཡི་གཙོ་རྐང་འགན་འཁྲི་དང་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ་གཞིས་ཀ་རྩེས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་དམ་འཛིན་ཏན་ཏིག་བྱས་ནས་སློབ་སྦྱོང་གི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་བཏང་སྟེ་སྒྲིག་ཁྲིམས་སྦྱོང་བ་དང་སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ་བཅས་ལ་བརྟེན་ནས་སྒྲིག་ཁྲིམས་ལ་བརྩི་སྲུང་དང་སྒྲིག་ཁྲིམས་སྲུང་བ། སྒྲིག་ཁྲིམས་ལག་བསྟར་བྱེད་པ་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ། གྱོད་དཔེར་བརྟེན་ནས་ཡོ་བསྲང་ལ་སྐུལ་འདེད་གཏོང་བ་དང་ཉེན་ཟོན་སློབ་གསོའི་ཐོན་ཁུངས་གང་ལེགས་སྤྱད་དེ་གྱོད་དཔེར་བརྟེན་ནས་ཡོ་བསྲང་ལ་སྐུལ་འདེད་གཏོང་བའི་ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་བ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་རྒྱུར་མཐོང་ཆེན་བྱེད་པ། རྩ་ལག་མཉམ་བཅོས་ཀྱིས་གཞི་གཅིག་ཅན་གྱི་སྐུལ་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། འབྲེལ་ཡོད་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་ལམ་ལུགས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པའི་ནན་གསུང་གནང་བ་རེད།

ཝང་ཧྥང་ཧུང་དང་ཀེ་ཆིང་མིན། ཁྲེན་ཀེང་། བེང་དབྱིད་ཧའོ། ལའེ་ཡུང་ཅན། ཆུད་ཡུད་ཞང་། ཡང་ཁུན། ཐུབ་བསྟན་ཚེ་རིང་། བསོད་ནམས་གྲགས་པ། པ་སངས། ཀྲུའུ་ཙེ་ཧྭ། སྐལ་བཟང་སྒྲོལ་མ། ཀྲང་སེ། ཁྲེན་ཀང་། མུའུ་ཤིན་པིན་བཅས་ཞུགས་ཡོད་པ་རེད།

ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། ལས་གནས་ཐོག་ཡོད་པའི་གྲོང་ཁྱེར་རིམ་པའི་འགོ་ཁྲིད་བློ་མཐུན་དང་། གྲོང་ཁྱེར་(ལྗོངས་དང་ཀྲུང་དབྱང་)ཐད་གཏོགས་ཚན་པ་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན། ན་གཞོན་ལས་བྱེད་པ་དང་ལས་འཁྱུར་རྒན་ཡོལ་ཞུས་པའི་ལས་བྱེད་པའི་འཐུས་མི་བཅས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་ཡོད་པ་རེད།

 (པ་སངས་ཆུང་བདག་དང་ཚེ་དབྱངས་ཀྱིས་བསྒྱུར་)


点赞

收藏

评论
已输入0
全部评论
加载更多评论
热点推荐