首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 新闻轮播图

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོཌ་ཆུང་གིས་དིང་རི་རྫོང་དུ་་་

2024-07-25 21:41:00

作者

ཚེ་རིང་རྒྱ་མཚོ།

评论
0





ཟླ་7པའི་ཚེས་10ནས་11ཉིན་བར། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དང་པོའི་ཙུའུ་ཀྲང་གཞོན་པ། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་ལིའི་སང་དང་། སྐྱེ་ཁམས་ཁོར་ཡུག་པུའུ་ལྷོ་ནུབ་ལྟ་ཞིབ་ཅུས་ཁྲུའུ་ལྔ་པའི་ཁྲུའུ་ཀྲང་ཤད་ཤིན་དང་བཅས་པས་དིང་རི་རྫོང་དུ་ལྟ་ཞིབ་གནང་བར་ཕེབས་པ་རེད། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་ཞུས་ཡོད་པ་རེད།

པར་འདི་ནི་ལིའི་སང་གིས་བཀྲ་ཤིས་འཛོམས་ཤང་གི་བཙོག་ཆུ་གཙང་སེལ་བཟོ་གྲྭར་ལྟ་ཞིབ་གནང་བཞིན་པ།
ཙུའུ་ཀྲང་གཞོན་པ་ལིའི་སང་དང་བཅས་པས་སྔ་རྗེས་སུ་རྩ་སྐོར་ཤང་མེ་མོ་གྲོང་ཚོ་དང་། ཇོ་མོ་གླང་མའི་སྒར་ས་ཆེ་མོ། ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུའི་བཙོག་ཆུ་གཙང་སེལ་བཟོ་གྲྭ། རྫོང་གྲོང་གི་བཙོག་ཆུ་གཙང་སེལ་བཟོ་གྲྭ། རྫོང་གྲོང་གི་ཨར་སྐྲུན་གད་སྙིགས་གནས་སྐབས་གཙང་སེལ་ས་ཚིགས། རྫོང་གྲོང་གི་འཚོ་བའི་གད་སྙིགས་སྦས་ས། ཤེལ་དཀར་གྲོང་རྡལ་ཆ་ལེགས་གྲོང་ཚོའི་བྱེ་ར་ཉམས་གསོ་ས་ཚིགས། རྫོང་གྲོང་གི་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་བསྒྱུར་བའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་རྣམ་གྲངས།སྤེལ་འབར་རླངས་འཁོར་ཉམས་གསོ་ས་ཚིགས། གྲུ་བཞི་བྱེ་ར་ཉམས་གསོའི་ས་ཚིགས། གྲམ་མཚོ་ཤང་ཟེ་དཀར་གཏེར་ཆུའི་བཟོ་གྲྭ། གྲམ་མཚོ་ཤང་གསར་སྤེལ་ཁུལ་གྱི་མིས་འདེབས་གཟན་རྩྭའི་རྟེན་གཞི་སྒྱུར་བཀོད་དང་ཁོངས་གཏོགས་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས། གྲོང་གསེབ་ཀྱི་གཞུང་ལམ་ལས་གྲྭ་འཛུགས་སྐྲུན་ས་ཚིགས་སོགས་ས་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཏེ། རྫོང་ཨུད་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་རེ་གཉིས་དང་གླེང་མོལ་གནང་བ། སྙན་ཞུ་གསན་པ། ས་ཡུལ་དངོས་སུ་ཞིབ་བཤེར་བྱེད་པ། དཔྱད་གཞིའི་ཡིག་རིགས་ལྟ་བ་སོགས་ཀྱི་བྱ་ཐབས་བརྒྱུད་དིང་རི་རྫོང་གི་རེས་སྐོར་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་དང་། ཁོར་ཡུག་རྨང་གཞིའི་སྒྲིག་བཀོད་འཁོར་རྒྱུག་གནས་ཚུལ། དེ་མིན་གཙོ་གནད་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་ཐབས་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད།
པར་འདི་ནི་ལི་སང་གིས་དིང་རི་རྫོང་གི་ཨར་སྐྲུན་གད་སྙིགས་གནས་སྐབས་གཙང་སེལ་ས་ཚིགས་ལ་ལྟ་ཞིབ་གནང་བཞིན་པ།
ལིའི་སང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ཨང་དང་པོར་བཞག་སྟེ། གནད་དོན་འཚོལ་འདོན་བྱེད་པ་དང་དུས་མཚུངས་སུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་དེ་གཙོ་གནད་དུ་བཟུང་སྟེ་ཏང་སྲིད་འགན་འཁྲི་མཉམ་འཁུར་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས་དོན་འཁྱོལ་ནན་པོ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་ཀ་གཏིང་ཟབ་ཏུ་སྒྲུབ་པ་བཅས་བྱེད་དགོས།
པར་འདི་ནི་ལི་སང་གིས་ཇོ་མོ་གླང་མའི་སྒར་ས་ཆེན་པོར་ལྟ་ཞིབ་གནང་བཞིན་པ།
ལིའི་སང་གིས་བླང་བྱ་བཏོན་དོན། ཆབ་སྲིད་ཀྱི་ཚུགས་གནས་ཇེ་མཐོར་གཏོང་བ་དང་། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡང་གསེར་དངུལ་རི་ཡིན་ཞེས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་བ། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་དག་ཐེར་དམ་འཛིན་ནན་པོ་བྱེད་པ། ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ལེགས་བཅོས་བཅས་བྱ་དགོས། སློབ་སྦྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་གསར་གཏོད་དགོངས་པ་གོང་འཕེལ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་གནད་འགག་ཆེ་སར་ཤུགས་རྒྱག་ས་གནད་ལ་འཁེལ་བ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ལས་འགན་ཁག་དོན་འཁྱོལ་མཐར་ཕྱིན་དང་ཞིབ་ཚགས་ཡོང་བར་སྐུལ་འདེད་གཏོང་དགོས། འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ། འཕེལ་རྒྱས་ལ་དོ་དམ་བྱེད་པར་ངེས་པར་དུ་ཁོར་ཡུག་སྲུང་སྐྱོང་ལ་དོ་དམ་དང་། ཐོན་སྐྱེད་ལ་དོ་དམ་བྱེད་པར་ངེས་པར་དུ་ཁོར་ཡུག་སྲུང་སྐྱོང་ལ་དོ་དམ། ལས་རིགས་ལ་དོ་དམ་བྱེད་པར་ངེས་པར་དུ་ཁོར་ཡུག་སྲུང་སྐྱོང་ལ་དོ་དམ་བྱེད་པ་བཅས་བྱ་དགོས་ཞེས་པའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས།

བསྐྱར་ཞུས། འཆི་མེད། 

ཞུ་དག ཚེ་རིང་སྒྲོལ་མ།  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

ཡིག་སྒྱུར། ཚེ་རིང་རྒྱ་མཚོ

སྒྲ་འཇུག ཚེ་རིང་རྒྱ་མཚོ

ཡོང་ཁུངས། དིང་རི་རྫོང་ལྟ་ཞིབ་གཞོགས་འདེགས་གཞུང་ལས་ཁང་།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།



点赞0

收藏

评论
已输入0
全部评论
加载更多评论
热点推荐