首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 新闻轮播图

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོཌ་ཆུང་གིས་སྐྱིད་གྲོང་རྫོང་་་་

2024-07-25 21:41:00

作者

ཚེ་རིང་རྒྱ་མཚོ།

评论
0



ཟླ་7པའི་ཚེས་7ཉིན་ནས་ཚེས་9ཉིན་བར། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དང་པོའི་ཙུའུ་ཀྲང་གཞོན་པ། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་ལིའི་སང་དང་། སྐྱེ་ཁམས་ཁོར་ཡུག་པུའུ་ལྷོ་ནུབ་ལྟ་ཞིབ་ཅུས་ཁྲུའུ་ལྔ་པའི་ཁྲུའུ་ཀྲང་ཤད་ཤིན་དང་བཅས་པས་སྐྱིད་གྲོང་རྫོང་དུ་ལྟ་ཞིབ་གནང་བར་ཕེབས་པ་རེད། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་ཞུས་པ་རེད།

པར་འདི་ནི་ལིའི་་སང་གིས་རྒྱལ་ལམ་216གུང་ཐང་ལ་མོའི་ཕུག་ལམ་གྱི་རྣམ་གྲངས་ལ་ལྟ་ཞིབ་བྱེད་བཞིན་པ།

ཙུའུ་ཀྲང་གཞོན་པ་ལིའི་སང་དང་བཅས་པ་སྔ་རྗེས་སུ་རྒྱལ་ལམ་216གུང་ཐང་ལ་མོའི་ཕུག་ལམ་གྱི་རྣམ་གྲངས་དང་། རི་ཟུར་རྒྱལ་སྒོ། འཚོ་བའི་བཙོག་ཆུ་གཙང་སེལ་བཟོ་གྲྭ། འགག་སྒོའི་ཚོད་ལྟ་ཁང་། འགག་སྒོའི་སྨན་ཁང་། འཕགས་པ་དགོན་པ། གྱེས་ཕུག་གྲོང་ཚོ། རྫོང་གྲོང་གི་གནས་སྐབས་འཛུགས་སྐྲུན་གད་སྙིགས་སྤུངས་ས། རྫོང་དགའ་གྲོང་རྡལ་གྱི་བྱེ་མ་སྔོག་འདོན་བཟོ་གྲྭ། སྐྱིད་གྲོང་གྲོང་རྡལ་ཚོང་འདུས་གྲོང་ཚོའི་གནས་སྐབས་འཛུགས་སྐྲུན་གད་སྙིགས་སྤུངས་ས་སོགས་ལ་ས་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པར་བསྐྱོད་དེ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་རེ་གཉིས་དང་གླེང་མོལ་གནང་བ། སྙན་ཞུ་གསན་པ། ས་ཡུལ་དངོས་སུ་ཞིབ་བཤེར་བྱེད་པ། དཔྱད་གཞིའི་ཡིག་རིགས་ལྟ་བ་སོགས་ཀྱི་བྱ་ཐབས་བརྒྱུད་སྐྱིད་གྲོང་རྫོང་གི་རེས་སྐོར་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་དང་། ཉེ་བའི་ལོ་གསུམ་རིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་ཉམས་གསོའི་གནས་ཚུལ་གཙོ་གནད་ཐོག་ཤེས་རྟོགས་བྱས་ནས་སྐྱིད་གྲོང་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་རེད།

པར་འདི་ནི་ལིའི་སང་གིས་སྐྱིད་གྲོང་འགག་སྒོའི་ཚོད་ལྟ་ཁང་གི་གློག་རླབས་བདེ་འཇགས་ལས་དོན་ལ་ལྟ་ཞིབ་བྱེད་བཞིན་པ།

ལིའི་སང་གིས་སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཀུན་ལ་ཕན་པའི་དམངས་འཚོའི་བདེ་སྐྱིད་ཅིག་ཡིན་པས། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། རི་གཉིས་ཀྱི་འདུ་ཤེས་མཐའ་གཅིག་ཏུ་ལག་བསྟར། ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་བྱེད་པའི་འགན་འཁྲི་འཁུར་སེམས་དང་བྲེལ་འཚབ་ཆེ་རུ་གཏོང་བ། དོ་དམ་ཞིབ་ཐོ་ཅན་དུ་འགྱུར་བ་དང་། སྐུལ་སྤེལ་འགན་འཁྲི་ཅན་དུ་འགྱུར་བ། ལས་དོན་རྩིས་ཐོ་ཅན་དུ་འགྱུར་བ་བཅས་མཐའ་འཁྱོངས། གཅིག་ཤེས་ཀུན་གྲོལ་དང་བརྒྱུད་རིམ་ལྡན་པའི་ངང་དག་ཐེར་བཅས་བྱས་ཏེ། རྒྱུན་མཐུད་ངང་ལེགས་བཅོས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལ་བརྟེན་ནས་རྒྱ་ཆེའི་མང་ཚོགས་ཀྱི་བདེ་སྐྱིད་མཚོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཁེ་ལས་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་། འབྱུང་རྩ་ནས་དོ་དམ་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཁོར་ཡུག་གདེང་འཇོག་གི་བླང་བྱ་དོན་འཁྱོལ་ནན་ཏན། བཟོ་རྩལ་གྱི་ཚད་གཞི་ལག་བསྟར་ནན་ཏན། གཉེར་སྐྱོང་ལས་སྣོན་བཟོ་གྲྭ་འཛུགས་སྐྲུན་ཚད་ལྡན། ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་ཡོ་བསྲང་བྱས་འབྲས་ཐོན་པར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱ་དགོས། རང་དགར་སྔོག་འདོན་དང་། གང་བྱུང་དུ་གཅོད་པ། གད་སྙིགས་དབོར་འདྲེན་དང་ཐག་གཅོད་སོགས་བྱེད་པའི་ལྷུ་ཚིགས་གལ་ཆེན་ལ་དམ་པོར་དམིགས་ཏེ་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་འཛིན་གྱི་རལ་གྲིའི་ནུས་པ་འདོན་སྤེལ་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀ་དང་ཕན་འབྲས་ལ་ཁྱོན་ཡོངས་ནས་སྤུས་ཚད་ལྡན་པའི་ནུས་པ་ཐོན་པ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།


པར་འདི་ནི་ལིའི་སང་གིས་སྐྱིད་གྲོང་གྲོང་རྡལ་གྱི་བཙོག་ཆུ་གཙང་སེལ་བཟོ་གྲྭར་ལྟ་ཞིབ་བྱེད་བཞིན་པ།

ལིའི་སང་གིས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལས་དོན་གྱི་ཕྱོགས་གང་ཅིའི་ཐད་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ཚད་ལྡན་དོན་འཁྱོལ་བྱས་ཏེ་ལྟ་ཞིབ་དང་ཚུར་ལན་གྱི་གནད་དོན་དག་ཐེར་བྱ་རྒྱུར་དམ་འཛིན་བྱེད་པ། ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་བྱེད་ཐབས་ལེགས་སུ་གཏོང་བ། ཞན་ཆ་སེལ་བ། ལེགས་ཆ་མང་དུ་གཏོང་བ་བཅས་བྱེད་པ། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ་དང་། ཡུལ་སྐོར་རྫོང་གྲགས་ཅན་དང་མཐའ་མཚམས་ཉོ་ཚོང་རྫོང་ཆེ་གྲས་ཀྱི་ཁྱད་ཆོས་ལ་དམིགས་ཏེ་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་སྐྱེ་ཁམས་ཀྱི་ལེགས་ཆ་དེ་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར་བ་བྱེད་པ། མཛེས་སྡུག་ལྡན་པའི་འགག་སྒོ་གཏོད་པ་དང་སྙིགས་མེད་དགོན་སྡེ་འཛུགས་སྐྲུན་གྱི་ཉམས་མྱོང་ཁྱབ་གདལ་གཏིང་ཟབ་བཏང་སྟེ་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་སྟོབས་ཤུགས་ལེགས་སྐྱེས་དགོས་པའི་བླང་བྱ་བཏོན་པ་རེད།

དེའི་རིང་། ཙུའུ་ཀྲང་གཞོན་པ་ལིའི་སང་དང་བཅས་པས་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་གྲོང་ཚོར་བཅའ་སྡོད་ས་ཚིགས་གོང་ཐང་ཤང་ཅང་གྲོང་ཚོ་དང་སྐྱིད་གྲོང་གྲོང་རྡལ་ཚོང་འདུས་གྲོང་ཚོར་བརྟག་ཞིབ་དང་འཚམས་འདྲི་གནང་བ་རེད། ལིའི་སང་གིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སྐྱིད་གྲོང་རྫོང་གི་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་བའི་ནང་ཞུགས་ནས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་རྫོང་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཐབས་ཇུས་འདོན་པ་དང་ནུས་པ་འདོན་དགོས་པའི་བླང་བྱ་བཏོན་པ་རེད།

བསྐྱར་ཞུས། འཆི་མེད། 

ཞུ་དག ཚེ་རིང་རྒྱ་མཚོ།  

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

ཡིག་སྒྱུར། ཚེ་རིང་རྒྱ་མཚོ།

སྒྲ་འཇུག སྐལ་བཟང་རྒྱལ་མཚན།

ཡོང་ཁུངས། སྐྱིད་གྲོང་ལྟ་ཞིབ་གཞོགས་འདེགས་གཞུང་ལས་ཁང་།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།



点赞0

收藏

评论
已输入0
全部评论
加载更多评论
热点推荐