首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 新闻轮播图

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོཌ་ཆུང་གིས་ས་དགའ་རྫོང་དུ་་་

2024-07-25 21:41:00

作者

ཚེ་རིང་རྒྱ་མཚོ།

评论
0




ཟླ་7པའི་ཚེས་11ནས་ཚེས་12ཉིན་བར། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དང་པོའི་ཙུའུ་ཀྲང་གཞོན་པ། རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་གཞོན་པ་ལུའི་ཞུའེ་ཧྲེང་གིས་ས་དགའ་རྫོང་དུ་ལྟ་ཞིབ་གནང་བ་རེད། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་ཞུས་ཡོད་པ་རེད།

པར་འདི་ནི་ལུའི་ཞུའེ་ཧྲེང་གིས་རྫོང་གྲོང་བཙོག་ཆུ་གཙང་སེལ་བཟོ་གྲྭར་ལྟ་ཞིབ་གནང་བཞིན་པ།
ཙུའུ་ཀྲང་གཞོན་པ་ལུའི་ཞུའེ་ཧྲེང་དང་བཅས་པས་སྔ་རྗེས་སུ་ས་དགའ་རྫོང་བཙོག་ཆུ་གཙང་སེལ་བཟོ་གྲྭ་དང་རྫོང་གྲོང་གི་གད་སྙིགས་སྦས་ས། སྨན་བཅོས་ཟོག་རོ་གནས་སྐབས་ཉར་ཚགས་བྱེད་ས། རླངས་འཁོར་ཉམས་གསོའི་བཟོ་གྲྭ་དང་དེ་བཞིན་རྒྱུ་ཆ་སྤུངས་ས། འཐུང་ཆུའི་ཆུ་ཁུངས་སོགས་སུ་བསྐྱོད་དེ་ས་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད། རྫོང་ཨུད་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དང་གླེང་མོལ་བྱེད་པ། སྙན་ཞུ་གསན་པ། དཔྱད་གཞིའི་ཡིག་རིགས་ལྟ་བ། ས་ཡུལ་དངོས་སུ་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། ས་དགའ་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་དོན་འཁྱོལ་བྱས་ཚུལ་དང་དེ་བཞིན་སྐྱེ་ཁམས་ཁོར་ཡུག་སླར་གསོ་བཅོས་སྐྱོང་བྱས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། དམིགས་སའི་རང་བཞིན་གྱི་བཅོས་སྐྱོང་བྱེད་ཐབས་དང་དག་ཐེར་གྱི་བླང་བྱ་ཡང་བཏོན་པ་རེད།
པར་འདི་ནི་ལུའི་ཞུའེ་ཧྲེང་གིས་རྫོང་གྲོང་གི་འཚོ་བའི་གད་སྙིགས་སྦས་སར་ལྟ་ཞིབ་གནང་བཞིན་པ།
ལུའི་ཞུའེ་ཧྲེང་གིས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལག་བསྟར་བྱ་རྒྱུ་ནི་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས་སྐྱེ་ཁམས་ཁོར་ཡུག་གི་བྱ་བ་ཆུང་ཙག་མེད་ཅེས་པ་ལྟར་རང་རྟོགས་ཀྱིས་བསམ་བློའི་ངོས་འཛིན་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། འགག་རྩའི་གནད་དོན་གསལ་པོ་བཟོ་བ། ཁྱོན་ཡོངས་ནས་དག་ཐེར་ཡག་པོ་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཁག་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ་དང་། རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་ལ་མཐོང་ཆེན་བྱེད་པ། རྒྱུན་རྣམ་ཅན་དུ་འགྱུར་བའི་ཐད་བྱ་ཐབས་དངོས་བཏོན་ནས་ཁྱབ་ཁོངས་ཁག་གི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་གསུངས།
པར་འདི་ནི་ལུའི་ཞུའེ་ཧྲེང་གིས་ས་དགའ་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ལ་ལྟ་ཞིབ་གནང་བཞིན་པ།
ལུའི་ཞུའེ་ཧྲེང་གིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་ཀྲུང་དབྱང་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ། ཏང་སྲིད་འགན་འཁྲི་མཉམ་འཁུར་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས་དོན་འཁྱོལ། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡང་གསེར་དངུལ་རི་ཡིན་ཞེས་པའི་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཞིབ་ཚགས་དང་ནན་པོ། ཏན་ཏིག་བཅས་ཀྱི་ཐོག་ནས་དམ་འཛིན་ཡག་པོ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ཚུར་ལན་གནད་དོན་དག་ཐེར་ཡོ་བསྲང་བྱ་རྒྱུར་སྐུལ་འདེད་བཏང་ནས་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་བཅོས་སྐྱོང་ལ་ཕན་འབྲས་ཐོན་པ་འགན་ལེན་བྱས་ཏེ་སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས།

བསྐྱར་ཞུས། འཆི་མེད། 

ཞུ་དག ཚེ་རིང་སྒྲོལ་མ།  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

ཡིག་སྒྱུར། ཚེ་རིང་རྒྱ་མཚོ།

སྒྲ་འཇུག ཚེ་རིང་རྒྱ་མཚོ།

ཡོང་ཁུངས།ས་དགའ་རྫོང་ལྟ་ཞིབ་གཞོགས་འདེགས་གཞུང་ལས་ཁང་།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

点赞0

收藏

评论
已输入0
全部评论
加载更多评论
热点推荐