首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 新闻轮播图

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོཌ་ཆུང་གིས་ཁང་དམར་རྫོང་དུ་་་

2024-07-25 21:41:00

作者

ཚེ་རིང་རྒྱ་མཚོ།

评论
0




ཟླ་7པའི་ཚེས་11ནས་ཚེས་12ཉིན་བར། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དང་པོའི་ཙུའུ་ཀྲང་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཞིང་ལས་ཁོར་ཡུག་ཐོན་ཁུངས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཚེ་ཕུན་གྱིས་ཁང་དམར་རྫོང་དུ་བསྐྱོད་ནས་ལྟ་ཞིབ་གནང་བ་རེད། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་ཞུས་ཡོད་པ་རེད།

པར་འདི་ནི་ཚེ་ཕུན་གྱིས་ཁང་ཏ་ལུའོ་ཕེ་ཚོང་འདམ་མཉམ་བསྲེས་ས་ཚིགས་ལ་ལྟ་ཞིབ་གནང་བཞིན་པ།
ཙུའུ་ཀྲང་གཞོན་པ་ཚེ་ཕུན་དང་བཅས་པས་སྔ་རྗེས་སུ་གནས་རྙིང་ཤང་གཙང་བྲག་གྲོང་ཚོའི་གཡམ་པ་འདོན་ས་དང་། གཙང་བྲག་གྲོང་ཚོའི་ཨར་འདམ་སོ་ཕག་བཟོ་གྲྭ། ཨན་ཏའེ་ཧྲན་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་རྡོ་འདོན་ས། ཁང་ཏ་ལུའོ་ཚོང་འདམ་མཉམ་བསྲེས་ས་ཚིགས། གྲུམ་པ་གཡུ་མཚོ། རྫོང་གྲོང་གི་བཙོག་ཆུ་གཙང་སེལ་བཟོ་གྲྭ། འཛུགས་སྐྲུན་གད་སྙིགས་གནས་སྐབས་སྤུངས་ས། ཀ་ལ་ཤང་དམག་ཚིགས་འཚོ་བའི་བཙོག་ཆུ་གཙང་སེལ་ཨར་ལས་ས་ཚིགས་སོགས་ས་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པར་བསྐྱོད་དེ། རྫོང་ཨུད་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་རེ་གཉིས་དང་གླེང་མོལ་གནང་བ། སྙན་ཞུ་གསན་པ། ས་ཡུལ་དངོས་སུ་ཞིབ་བཤེར་བྱེད་པ། དཔྱད་གཞིའི་ཡིག་རིགས་ལྟ་བ་སོགས་ཀྱི་བྱ་ཐབས་བརྒྱུད་ཉེ་བའི་ལོ་གསུམ་རིང་ཁང་དམར་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་ཉམས་གསོའི་ལས་དོན་སྤེལ་ཚུལ་ཤེས་རྟོགས་བྱས་ནས་ཁང་དམར་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཁག་ལ་གདེང་འཇོག་གང་ལེགས་གནང་བ་རེད།
པར་འདི་ནི་ཚེ་ཕུན་གྱིས་གྲུམ་པ་གཡུ་ཚོར་ལྟ་ཞིབ་བྱེད་བཞིན་པ།

ཚེ་ཕུན་གྱིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ཐག་གཅོད་དང་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་བ། བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་རྒྱུན་མཐུད་ངང་བརྟན་དུ་གཏོང་བ་བཅས་བྱེད་དགོས། གནད་དོན་དག་ཐེར་ལ་དམ་འཛིན་ནན་པོ་བྱེད་པ་དང་། སྦགས་བཙོག་གནད་སྨིན་བཅོས་སྒྲིག་དང་། ཚན་རིག་དང་མཐུན་པའི་ངང་སྦགས་བཙོག་སེལ་བ། ཁྲིམས་ལྟར་སྦགས་བཙོག་བཅོས་སྒྲིག་བཅས་མཐའ་འཁྱོངས་བྱེད་པ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མུ་མཐུད་ཡག་པོ་རྒྱག་པ་བཅས་བྱས་ཏེ་མྱང་ཆུ་གཙང་པོའི་ཆུ་འགོའི་སྤུས་ཚད་མཐོ་བའི་གོང་འཕེལ་དང་མཛེས་སྡུག་ལྡན་པའི་ཁང་དམར་འཛུགས་ཆེད་ལེགས་སྐྱེས་གསར་པ་ཧུར་ཐག་འབུལ་དགོས། མི་དམངས་ལྟེ་བར་བྱེད་པའི་བསམ་བློ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ཕན་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ་བཅས་བྱས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
པར་འདི་ནི་ཚ་ཕུན་གྱིས་རྫོང་གྲོང་བཙོག་ཆུ་གཙང་སེལ་བཟོ་གྲྭར་ལྟ་ཞིབ་གནང་བཞིན་པ།
ཚེ་ཕུན་གྱིས་བླང་བྱ་བཏོན་དོན། ཁེ་ལས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་། ཏང་སྲིད་འགན་འཁྲི་མཉམ་འཁུར་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས་དོན་འཁྱོལ་ནན་པོ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཁག་དམ་འཛིན་ཏན་ཏིག་དང་། མང་ཚོགས་བློ་ཡིད་ཚིམ་པའི་དག་ཐེར་ཕན་འབྲས་དང་སྐྱེ་ཁམས་ཁོར་ཡུག་བཟང་པོ་བཅས་ཀྱི་ཐོག་ནས་ཏང་ལ་ལྷག་བསམ་རྣམ་དག་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་དམིགས་ཏེ་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་གནད་ཁག་ཐད་ཀྱི་གནད་དོན་ཐག་གཅོད་ཞིབ་ཕྲ་བྱེད་དགོས། རྩ་ལག་མཉམ་བཅོས་དང་སྒྲིག་སྲོལ་ལམ་ལུགས་འཛུགས་པ་མཐའ་འཁྱོངས་བྱས་ཏེ། གནད་དོན་གྲལ་བཤེར་དག་ཐེར་དང་ཡུན་ཕན་ལམ་སྲོལ་འཛུགས་སྐྱོང་གཉིས་ཟུང་འབྲེལ་བྱས་ནས། དམིགས་ས་ཡོད་པའི་སྒོ་ནས་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ཕན་འབྲས་དེ་ཁོར་ཡུག་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་བ་བྱ་དགོས།

བསྐྱར་ཞུས། འཆི་མེད། 

ཞུ་དག ཚེ་རིང་སྒྲོལ་མ།  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

ཡིག་སྒྱུར། ཚེ་རིང་རྒྱ་མཚོ།

སྒྲ་འཇུག ཚེ་རིང་རྒྱ་མཚོ།

ཡོང་ཁུངས། ཁང་དམར་རྫོང་ལྟ་ཞིབ་གཞོགས་འདེགས་གཞུང་ལས་ཁང་།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

点赞0

收藏

评论
已输入0
全部评论
加载更多评论
热点推荐