首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 新闻轮播图

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོཌ་ཆུང་གིས་བཞད་མཐོང་སྨོན་་་་

2024-07-25 21:41:00

作者

ཚེ་རིང་རྒྱ་མཚོ།

评论
0




ཟླ་7པའི་ཚེས་10ནས་11ཉིན་བར། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དང་པོའི་ཙུའུ་ཀྲང་གཞོན་པ། རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གི་ཐིང་ཀྲང་གཞོན་པ་ལིའི་ཧྭ་ཆང་གིས་བཞད་མཐོང་སྨོན་རྫོང་དུ་ལྟ་ཞིབ་ཏུ་ཕེབས་པ་རེད། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་ཞུས་པ་ཡོད་རེད།
པར་འདི་ནི་ལིའི་ཧྭ་ཆང་གིས་པའོ་ཞང་གཏེར་ལས་ནཱ་རུའུ་སུང་ཏུའོ་ཞ་གཏེར་ལ་ལྟ་ཞིབ་བྱེད་བཞིན་པ།
ལིའི་ཧྭ་ཆང་དང་བཅས་པས་སྔ་རྗེས་སུ་ཐེན་ཡོན་གཏེར་ལས་གཞུང་གྲོང་ཚོའི་ཟངས་གཏེར་རྣམ་གྲངས་དང་། ཆབ་ཁ་ཆུ་ཚན། རྫོང་གྲོང་བཙོག་ཆུ་གཙང་སེལ་བཟོ་གྲྭ། ཆབ་ཁ་དྲོད་ཁང་། ཀྲུང་ཤིན་དངུལ་ཞའི་གཏེར་ལས། ཅིན་ཐུང་གཏེར་ལས།ཁྲུན་ཀྲེ་ལྕགས་གཏེར། ཀྲུང་རུའེ་གཏེར་ལས་སི་ནུང་ཏུའོ་ཞ་གཏེར། པའོ་ཞང་གཏེར་ལས་ནཱ་རུའུ་སུང་ཏུའོ་ཞ་གཏེར་སོགས་སུ་བསྐྱོད་དེ་ས་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད། ལྟ་ཞིབ་ཚོགས་པས་གླེང་མོལ་བྱེད་པ་དང་། སྙན་ཞུ་གསན་པ། དཔྱད་གཞིའི་ཡིག་རིགས་ལྟ་བ། ས་ཡུལ་དངོས་སུ་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། བཞད་མཐོང་སྨོན་རྫོང་གི་གཏེར་ཁའི་ཐོན་ཁུངས་ཚད་ལྡན་ཅན་གྱི་གསར་སྤེལ་བེད་སྤྱོད་དང་། ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཁོར་རྒྱུག སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ། སྦགས་བཙོག་འགོག་བཅོས་སོགས་ཀྱི་ལས་དོན་སྤེལ་ཚུལ་ཤེས་རྟོགས་བྱས་པ་རེད།
པར་འདི་ནི་ལིའི་ཧྭ་ཆང་གིས་ཡ་བདག་བྱེ་རྡོ་བཟོ་གྲྭར་ལྟ་ཞིབ་བྱེད་བཞིན་པ།
ལིའི་ཧྭ་ཆང་གིས་ནན་བཤད་བྱས་དོན། བོད་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པ་དང་། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་གལ་ཆེ་ལ་དགོས་གཏུགས་ཀྱང་ཆེ་བའི་ཆབ་སྲིད་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་ལས་འགན་ཞིག་རེད། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། རི་གཉིས་ཀྱི་འདུ་ཤེས་བརྟན་དུ་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་ཁྲོད་སྲུང་སྐྱོང་དང་སྲུང་སྐྱོང་ཁྲོད་འཕེལ་རྒྱས་གཏོང་བའི་ཚན་རིག་དང་མཐུན་པའི་འདུ་ཤེས་ལ་བརྩི་སྲུང་ཞུ་བ། ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་གསར་སྤེལ་དང་འཛུགས་སྐྲུན་བྱ་སྤྱོད་ལྗང་མདོག་ཅན་དང་། ཐཱན་འགྱུར་ཉུང་བ། རྒྱུན་མཐུད་ཅན་བཅས་ཀྱི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོང་མཐུན་སྦྱོར་མཉམ་སྐྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།
པར་འདི་ནི་ལིའི་ཧྭ་ཆང་གིས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་བཞད་མཐོང་སྨོན་རྫོང་ཡན་ལག་ཅུས་སུ་ལྟ་ཞིབ་བྱེད་བཞིན་པ།
ལིའི་ཧྭ་ཆང་གིས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་བྱེད་ཤུགས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཁོར་ཡུག་སྦགས་བཙོག་དང་སྐྱེ་ཁམས་གཏོར་བཤིག་གི་གནད་དོན་མཉམ་འབྲེལ་ཐོག་ཞིབ་བཤེར་ཐག་གཅོད་དང་ཆད་གཅོད་བྱས་ཏེ་མཐོ་གནོན་ལྟ་སྐུལ་དོ་དམ་གྱི་རྣམ་པའི་ཐོག་ནས་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་སྒྲིག་འགལ་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པའི་གོ་རིམ་ཚད་ལྡན་ཏན་ཏིག་བྱས་ཏེ། ངོ་བོ་གཏན་འཁེལ་གནད་ལ་འཕིགས་པ། དཔང་རྟགས་འདང་ངེས། བཅའ་ཁྲིམས་ཀྱི་དོན་ཚན་སྤྱད་འཐུས་པ། བརྒྱུད་རིམ་ཡང་དག་ཡིན་པ། ཆད་གཅོད་འོས་འཚམ་ཡིན་པ། ཡིག་ཚགས་ཀྱི་ཁོངས་འཇུག་གོ་རིམ་ལྡན་པ་བཅས་བྱས་ཏེ། བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་དང་བཅའ་ཁྲིམས་ཀྱི་དྲང་གཞག་མཚོན་དགོས་ལ། ཆད་གཅོད་ལ་ཟིལ་གྱིས་གནོན་པ་དང་ཆད་གཅོད་ལ་ཕན་འབྲས་ཐོན་པ་ཡང་མངོན་འགྱུར་ཡོང་བ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་ནང་ཧུར་ཐག་ཞུགས་པར་ཁྲིད་སྟོན་བྱས་ནས། མང་ཚོགས་ཀྱིས་གནད་དོན་འདོན་པ་དང་རེ་འདུན་ཞུ་བའི་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་བ་དང་ཤར་གཏོང་ཐུབ་པར་བྱ་དགོས། དེ་བཞིན་ཆོག་མཆན་བཀོད་པའི་བླང་བྱ་དང་བསྟུན་ནས་གཏེར་ཁའི་ཐོན་ཁུངས་གསར་སྤེལ་ཁྱབ་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་དང་སྦགས་བཙོག་འགོག་བཅོས་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།


བསྐྱར་ཞུས། འཆི་མེད། 

ཞུ་དག ཚེ་རིང་སྒྲོལ་མ།  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

ཡིག་སྒྱུར། ཚེ་རིང་རྒྱ་མཚོ།

སྒྲ་འཇུག ཚེ་རིང་རྒྱ་མཚོ།

ཡོང་ཁུངས། བཞད་མཐོང་སྨོན་རྫོང་ཞིབ་གཞོགས་འདེགས་གཞུང་ལས་ཁང་།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།


点赞0

收藏

评论
已输入0
全部评论
加载更多评论
热点推荐