首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 新闻轮播图

པར་རིས་གསར་འགྱུར།

2024-07-25 21:41:00

作者

评论
0

ཉེ་ཆར། གྲོང་ཨུད་གྲོང་གཏོད་གཞུང་ལས་ཁང་གིས་གྲོང་ཨུད་གཞུང་ལས་ཁང་དང་གྲོང་ཁྱེར་ཁྲིམས་འཛིན་ཅུད། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད། གྲོང་ཁྱེར་དོ་དམ་ཅུད་སོགས་འབྲེལ་ཡོད་ཚན་པ་༩ཡི་འགན་འཁུར་མི་སྣ་དང་མཉམ་འབྲེལ་བྱས་ཏེ་གཞིས་རྩེ་སྤྲོ་འཆམ་ལམ་དུ་རྒྱུན་རྣམ་ཅན་གྱི་ཞོགས་པའི་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་བྱེད་རིང་། ཁོར་ཡུག་འཕྲོད་བསྟེན་ཐད་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་ཁག་ཅིག་གི་སྒོ་འགྲམ་འགན་ལེན་གསུམ་གྱི་འགན་འཁྲི་དོན་འཁྱོལ་གནད་ལ་མི་འཁེལ་བ་དང་གད་སྙིགས་སྔ་སྣུར་དུ་ཚོང་ཁང་ནས་འདོན་པ། གད་སྙིགས་གང་བྱུང་དུ་སྤུངས་པ་སོགས་ཀྱི་གནད་དོན་ཡོད་པ། སྤྱི་པའི་སྒྲིག་ལམ་ཐད་ལམ་དུམ་ཧྲིལ་པོར་འཕྲུལ་སྒུལ་འཁོར་རིགས་དང་འཕྲུལ་སྒུལ་མིན་པའི་འཁོར་རིགས་གོ་རིམ་ལྡན་པའི་ངང་བཞག་མེད་པ་དང་མི་བགྲོད་ལམ་དང་ལོང་བའི་ལམ་བཟུང་སྤྱོད་བྱེད་པ། སྐོར་འཚོང་རྒྱག་མཁན་གྱིས་ལམ་བཟུང་ནས་ཚོང་གཉེར་བྱེད་པ་དང་གད་སྙིགས་གང་བྱུང་དུ་སྤུངས་པ་སོགས་ཀྱི་སྣང་ཚུལ་ཡོད་པ། རྨང་གཞིའི་སྒྲིག་བཀོད་ཐད་གྲོང་ཁྱེར་སྲིད་གཞུང་གི་སྒྲིག་བཀོད་(མེ་ཏོག་སྣོད་སྒམ་)གནས་སྤོས་པའི་སྣང་ཚུལ་སོགས་ཤེས་རྟོགས་བྱུང་ཡོད་པ་རེད། གོང་དུ་ལྷག་པའི་གནད་དོན་ལ་དམིགས་ནས་གྲོང་ཨུད་གྲོང་གཏོད་གཞུང་ལས་ཁང་གིས་འགན་འཁྲིའི་ཚན་པར་བཅོས་སྒྲིག་གི་བླང་བྱ་བཏོན་པ་དང་འབྲེལ་བཅོས་སྒྲིག་བྱས་ཚུལ་ལ་ཕྱིར་མིག་ལྟས་ནས་གནད་དོན་རྩ་བ་ནས་ཐག་གཅོད་ཐུབ་པ་དང་བཅོས་སྒྲིག་བྱ་ཐབས་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་པ་རེད།

 (ཆོས་སྒྲོན་གྱིས་བསྒྱུར་)


点赞0

收藏

评论
已输入0
全部评论
加载更多评论
热点推荐