首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 新闻轮播图

གྲོང་མི་ཚོ། ཅ་ལག་རྙིང་པས་གསར་པ་བརྗེ་ཆོག་གི་འདུག

2024-09-06 12:58:35

作者

次仁卓玛

评论
0




རྒྱལ་ཁབ་ཚོང་དོན་པུའུ་དང་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་འཛད་སྤྱོད་སྐུལ་སྤེལ་ལོའི་སྐོར་གྱི་བཀོད་སྒྲིག་དང་དེ་བཞིན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། འཛད་སྤྱོད་ཀྱི་ཡིད་ཆེས་སྔར་བས་ཆེར་གཏོང་དང་འཛད་སྤྱོད་ཀྱི་གདིང་ཤུགས་འདོན་སྤེལ། འཛད་སྤྱོད་ཚོང་ར་དར་རྒྱས་བཅས་གཏོང་བ། དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་འདེད་དང་འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ཐོན་པའི་རྨང་གཞིའི་རང་བཞིན་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་ཆེད། ཟླ་8པའི་བྲིན་སྐུལ་བྱེད་སྒོ་མུ་མཐུད་སྤེལ་རྒྱུ་ཡིན་ཞིང་ད་ལྟ་བྱེད་སྒོའི་འབྲེལ་ཡོད་དོན་དག་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།

 ཁ་གསབ་བྱ་ཡུལ།

རང་རེའི་གྲོང་ཁྱེར་གྱི་ཁྱིམ་སྤྱོད་གློག་ཆས་དང་གྲངས་གཞིའི་ཐོན་རྫས་རྙིང་པས་གསར་པ་བརྗེ་བའི་བྱེད་སྒོར་ཞུགས་མཁན་ཚོང་ཁང་ལ་ཁྱིམ་སྤྱོད་གློག་ཆས་དང་གྲངས་གཞིའི་ཐོན་རྫས་རྙིང་པ་སྤྲོད་པ་དང་བཙོངས་ནས་ཁྱིམ་སྤྱོད་གློག་ཆས་དང་གྲངས་གཞིའི་ཐོན་རྫས་གསར་པ་ཉོ་མཁན་འཛད་སྤྱོད་པ་ཡིན། ཁེར་རྐྱང་དུ་གསར་པ་ཉོས་ན་བྱེད་སྒོའི་ནང་ཞུགས་པའི་ཐོབ་ཐང་མེད། ཁྱིམ་སྤྱོད་གློག་ཆས་ནང་གོས་འཁྲུའི་འཕྲུལ་ཆས་དང་འཁྱགས་སྒམ། བརྙན་འཕྲིན། ཆུ་བསྲོ་ཆས། དྲོད་ལེན་ཆས། ཁྱིམ་སྤྱོད་དབྱང་རླུང་བཟོ་ཆས། 3Cགྲངས་གཞིའི་ཐོན་རྫས་སོགས་ཚུད་ཡོད།

ཐེ་ཞུགས་ཚོང་དུད།

བྱེད་སྒོའི་དུས་ཚོད།

བྱེད་སྒོའི་དུས་ཚོད་ནི་2024ལོའི་ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10:00ནས་མ་དངུལ་བེད་སྤྱོད་བྱས་ཚར་བའི་བར་ཡིན། བྱེད་སྒོའི་མི་གྲངས་ལ་ཚད་གཞི་ཡོད་པས་སྔོན་ལ་ཉོས་ན་སྔོན་ལ་ཐོབ་པ་དང་། མི་གྲངས་བེད་སྤྱོད་ཚར་རྗེས་བྱེད་སྒོ་སྔ་སྣུར་དུ་མཇུག་འགྲིལ་རྒྱུ་ཡིན།

ཁ་གསབ་ཚད་གཞི།

གཅིག་ཁྱིམ་སྤྱོད་གློག་ཆས་རྙིང་པ་དང་གྲངས་གཞིའི་ཐོན་རྫས་རྙིང་པའི་ཁ་གསབ།

བྱེད་སྒོའི་ནང་ཞུགས་པའི་ཁྱིམ་སྤྱོད་གློག་ཆས་དང་གྲངས་གཞིའི་ཐོན་རྫས་བརྒྱུད་འཚོང་ཚོང་པས་མ་དངུལ་གཏོང་རྒྱུ་དང་ཁེ་ལས་དང་འཛད་སྤྱོད་པས་གྲོས་མོལ་བྱས་ཏེ་ཁྱིམ་སྤྱོད་གློག་ཆས་རྙིང་པ་དང་གྲངས་གཞིའི་ཐོན་རྫས་རྙིང་པའི་གོང་ཚད་གཏན་འཁེལ་བྱས་རྗེས། ཁེ་ལས་ནས་དངུལ་སྨར་སྤྲོད་པའམ་དངུལ་བསྒྱུར་གྱི་རྣམ་པའི་ཐོག་ནས་ཁྱིམ་སྤྱོད་གློག་ཆས་རྙིང་པ་དང་གྲངས་གཞིའི་ཐོན་རྫས་རྙིང་པའི་ཁ་གསབ་དེ་འཛད་སྤྱོད་པར་ཐད་ཀར་སྤྲོད་རྒྱུ།

གཉིས་ཁྱིམ་སྤྱོད་གློག་ཆས་གསར་པ་དང་གྲངས་འཛིན་ཐོན་རྫས་ཀྱི་ཁ་གསབ་རོགས་དངུལ།

སྒོར་500ཟིན་ན་ཁ་གསབ་སྒོར་100སྤྲོད་རྒྱུ། སྒོར་1000ཟིན་ན་ཁ་གསབ་སྒོར་200སྤྲོད་རྒྱུ། སྒོར་1500ཟིན་ན་ཁ་གསབ་སྒོར་300སྤྲོད་རྒྱུ། སྒོར་2000ཟིན་ན་ཁ་གསབ་སྒོར་400སྤྲོད་རྒྱུ། སྒོར་3000ཟིན་ན་ཁ་གསབ་སྒོར་600སྤྲོད་རྒྱུ། སྒོར་5000ཟིན་ན་ཁ་གསབ་སྒོར་1000སྤྲོད་རྒྱུ། སྒོར་7500ཟིན་ན་ཁ་གསབ་སྒོར་1500སྤྲོད་རྒྱུ།

ཁ་གསབ་སྤྲོད་སྟངས།

ཁྱིམ་སྤྱོད་གློག་ཆས་རྙིང་པའམ་གྲངས་གཞིའི་ཐོན་རྫས་རྙིང་པའི་དངུལ་གྲངས་དེ་དངུལ་སྨར་རམ་ཡང་ན་དངུལ་བསྒྱུར་གྱི་རྣམ་པའི་ཐོག་ནས་སྤྲོད་དགོས་པ་དང་། དངོས་པོ་རྙིང་པ་ཆུང་ཙག་ཕྱོགས་གཉིས་པོས་ས་གནས་ས་ཐོག་ཏུ་རྩིས་སྤྲོད་བྱེད་དགོས་པ། དངོས་པོ་རྙིང་པ་ཆེ་གྲས་ཚོང་པས་ཚོང་ཟོག་གསར་པ་སྐྱེལ་སྐབས་ཚུར་བསྡུ་བྱེད་ཆོག་ལ་འཛད་སྤྱོད་པ་རང་ཉིད་ཀྱིས་ཀྱང་ཚུར་བསྡུ་བྱས་ན་ཡང་འགྲིག

ཁྱིམ་སྤྱོད་གློག་ཆས་གསར་པའམ་གྲངས་གཞིའི་ཐོན་རྫས་གསར་པའི་ཁ་གསབ་དེ་གློག་རྡུལ་འཛིན་ཤོག་རྣམ་པའི་ཐོག་ནས་འཛད་སྤྱོད་པའི་ཅཱ་ཧུའེ་ཏུའོ་ཏུའོ་ཡི་བྱ་རིམ་ཆུང་ངུའི་འཛིན་ཤོག་གཱ་ནང་དུ་བླུག་རྒྱུ། རྙིང་པས་གསར་པར་བརྗེ་མཁན་ཚོང་ཁང་དེ་རང་ལ་མ་གཏོགས་གཞན་ལ་བེད་སྤྱོད་བྱེད་མི་ཆོག  འཛིན་ཤོག་གི་གོ་ཆོད་དུས་ཡུན་ཉིན་གཅིག་ལས་མེད་པས་དུས་བཀག་ལས་ཡོལ་ན་མ་དངུལ་བེད་སྤྱོད་གཏོང་རྒྱུ་མེད་ལ་གསབ་སྤྲོད་ཀྱང་མི་བྱེད།

ཞིབ་ཕྲའི་གནས་ཚུལ་གཤམ་གསལ་གྱི་རྩ་གཉིས་བཤེར་ན་གཟིགས་ཐུབ། 


点赞

收藏

评论
已输入0
全部评论
加载更多评论