首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > གསར་འགྱུར་གནད་བསྡུས།

རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་དང་པོའི་ཙུའུ་ཀྲང་གཞོན་པ་ཚེ་ཕུན་གྱིས་གྲོ་མོ་རྫོང་ དུ་ལྟ་ཞིབ་གནང་བ།

2024-07-25 21:41:30

作者

评论
0

སྤྱི་ཟླ་༧པའི་ཚེས་༡༢ནས་ཚེས་༡༥ཉིན་བར། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་དང་པོའི་ཙུའུ་ཀྲང་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཞིང་ལས་ཁོར་ཡུག་རྒྱུ་ནོར་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཚེ་ཕུན་གྱིས་གྲོ་མོ་རྫོང་དུ་ལྟ་ཞིབ་གནང་བ་རེད། གཞིས་ཀ་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། གྲོ་མོ་རྫོང་ཨུད་ཀྱི་ཧྲུའུ་ཅི་བཀྲ་ཤིས་ཚེ་རིང་གིས་ཕེབས་རོགས་ཞུས་ཡོད་པ་རེད།

ཙུའུ་ཀྲང་གཞོན་པ་ཚེ་ཕུན་དང་བཅས་པས་སྔ་རྗེས་སུ་མདོ་ཆེན་མཚོ་རྒྱལ་ཁབ་འདམ་རའི་སྤྱི་གླིང་དང་ཕག་རི་གྲོང་རྡལ་དཔུང་སྡེའི་འཛུགས་སྐྲུན་རྣམ་གྲངས། ཕག་རི་གྲོང་རྡལ་གད་སྙིགས་སྦས་ས། ཕག་རི་གྲོང་རྡལ་གྲོང་ལྷན་གསུམ་པ་དང་སྐྱེ་ཁམས་ཐོན་ལས་གླིང་། རྫོང་རླངས་འཁོར་ཉམས་གསོའི་བཟོ་གྲྭ། ཆུ་འགོ། གད་སྙིགས་སྦས་ས། བཙོག་ཆུ་གཙང་སེལ་བཟོ་གྲྭ། ཁམ་བུ་ཆུ་ཚན་སོགས་སུ་བསྐྱོད་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད། རྫོང་ཨུད་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དང་གླེང་མོལ་བྱས་ཏེ་དཔྱད་གཞིའི་ཡིག་རིགས་ལྟ་བ། ས་ཡུལ་དངོས་སུ་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཉེ་བའི་ལོ་ཤས་རིང་གྲོ་མོ་རྫོང་གི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། འབྱུང་འཕྲོད་འཕེལ་རྒྱས། སྦགས་བཙོག་འགོག་བཅོས། ཁོར་ཡུག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཁོར་རྒྱུག་སོགས་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ལས་དོན་སྤེལ་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་ཡོད་པ་རེད།

ཚེ་ཕུན་གྱིས་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ཡིན་པ་དང་གངས་ཀླུང་རི་འཁྱགས་གསེར་རི་དངུལ་རི་ལྷག་པའི་འདུ་ཤེས་འཛུགས་པ་དང་ལག་ལེན་བསྟར་བ། མཐའ་མཚམས་ཀྱི་རི་སྔོན་ཆུ་དྭངས་ལ་སྲུང་སྐྱོང་ཡག་པོ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དུས་གཅིག་ཏུ་བརྟན་པོར་བསྐྲུན་ནས་མི་དམངས་མང་ཚོགས་ཀྱིས་མངོན་གསལ་དོད་པའི་ཁོར་ཡུག་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཐོག་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གཏོད་དགོས།

ཚེ་ཕུན་གྱིས། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་རྣམ་པ་ཟབ་མོ་ཞིག་གཏོད་དགོས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་གཙོ་གནད་ནང་དོན་ལ་དམིགས་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁེ་ལས་དང་མི་དམངས་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་དང་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་སྤྱི་ཚོགས་ཡོངས་ཀྱིས་ཧུར་ཐག་ཞུགས་པ་དང་རྒྱབ་སྐྱོར་ཧུར་ཐག་བྱེད་པའི་ཁོར་ཡུག་ཡག་པོ་གཏོད་དགོས། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་བསྟར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། འབྲེལ་ཡོད་སྒྲིག་སྲོལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། མཉམ་འབྲེལ་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་དང་གཙོ་གནད་འཛུགས་སྐྲུན་རྣམ་གྲངས། རྨང་གཞིའི་སྒྲིག་བཀོད་བཅས་ལ་ལྟ་སྐུལ་དོ་དམ་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་འགལ་བྱ་སྤྱོད་མཚམས་འཇོག་མི་བྱེད་པ་དང་གནད་དོན་དག་ཐེར་ཡོ་བསྲང་མི་བྱེད་པའི་རིགས་ལ་བཟོད་སྒོམ་གཏན་ནས་མི་བྱེད་པ། ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་རྡུང་རྡེག་དང་ཆད་པ་གཅོད་པ། མཉམ་འཛིན་དང་མཉམ་དུ་དོ་དམ་བྱེད་པའི་རྣམ་པ་བཟང་པོ་ཆགས་པ་བཅས་བྱེད་དགོས། ཐོན་ལས་རིགས་བསྒྱུར་ལ་དམིགས་ནས་སྐྱེ་ཁམས་དམངས་ཕྱུག་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། གནམ་གཤིས་ཀྱི་ཆ་རྐྱེན་དང་ས་ཁམས་ཀྱི་གནས་བབ་ལེགས་པོར་བརྟེན་ནས་ཐོན་ལས་རིགས་བསྒྱུར་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། མཐའ་མཚམས་ཀྱི་ཁྱད་ལྡན་ཐོན་ལས་དང་ཡུལ་སྐོར་ལས་རིགས་སོགས་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ས་མཐོའི་མཐའ་མཚམས་ས་ཁུལ་གྱི་འབྱུང་འཕྲོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དམངས་ཕྱུག་དམངས་ཕན་དངོས་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

 (ཚེ་རིང་སྒྲོལ་མས་བསྒྱུར་)


点赞0

收藏

评论
已输入0
全部评论
加载更多评论
热点推荐