首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > གསར་འགྱུར་གནད་བསྡུས།

གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་བཞི་པའི་སྒོ་བྱང་དང་རྒྱུན་འཛིན་པའི་ལག་ཁྱེར་སྤྲོད་པའི་མཛད་སྒོ་གཉེར་བ།

2024-07-25 21:42:43

作者

评论
0

རང་རེའི་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་མ་ལག་རང་བཞིན་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་རིག་གནས་ཀྱི་གདེང་ཚོད་དང་རང་སྟོབས་རང་འཕེལ་ལ་སྐུལ་འདེད་གཏོང་ཆེད། སྤྱི་ཟླ་༡པོའི་ཚེས་༢༤ཉིན། གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་བཞི་པའི་སྒོ་བྱང་དང་རྒྱུན་འཛིན་པའི་ལག་ཁྱེར་སྤྲོད་པའི་མཛད་སྒོ་གཉེར་བ་རེད།

བྱེད་སྒོས་རང་རེའི་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་བཞི་པར་སྒོ་བྱང་སྤྲད་པ་དང་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་ལག་ཁྱེར་སྤྲད་པ་མ་ཟད་བཀྲས་ལྷུན་དགོན་ལ་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྒོ་བྱང་ཡང་སྤྲད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་དབན་ས་སྙན་བརྒྱུད་གཅོད་ལུགས་སོགས་ཁྱོན་རྣམ་གྲངས་ཁག་༢༠༢ལ་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་བཞི་པར་བདམས་པ་དང་བློ་བཟང་རི་གྲུབ་སོགས་མི་སྣ་༢༢༣གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཁག་བཞི་པར་བདམས་པ་རེད། 

(ཆོས་སྒྲོན་གྱིས་བསྒྱུར་)


点赞0

收藏

评论
已输入0
全部评论
加载更多评论
热点推荐