首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > སྐབས་དོན་གསར་འགྱུར།

ལྟ་ཞིབ་ཚོཌ་ཆུང་གི་ཙུའུ་ཀྲང་གཞོན་པ་ལིའི་སང་གིས་བསམ་གྲུབ་རྩེ་ཆུས་་

2024-07-29 13:00:11

作者

ཚེ་རིང་རྒྱ་མཚོ།

评论
0



ཟླ་7ཚེས་15ནས་ཚེས་16ཉིན་བར། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དང་པོའི་ཙུའུ་ཀྲང་གཞོན་པ། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་ལིའི་སང་གིས་བསམ་གྲུབ་རྩེ་ཆུས་སུ་ལྟ་ཞིབ་གནང་བ་རེད། གཞིས་ཀ་རྩེ་གྲོང་ཨུད་ཀྱི་རྒྱུན་ཨུ། བསམ་གྲུབ་རྩེ་ཆུས་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཀང་གིས་ཕེབས་རོགས་ཞུས་ཡོད་པ་རེད། 

པར་འདི་ནི་ལིའི་སང་གིས་སྟག་ལུང་མདའ་གྲོང་ཚོའི་སྨད་རྒྱུད་ག་ཐོག་དུམ་བུའི་ཆུ་ཡུར་གཤོང་བའི་རྣམ་གྲངས་ས་ཚིགསསུ་ལྟ་ཞིབ་བྱེད་བཞིན་པ།

ཙུའུ་ཀྲང་གཞོན་པ་ལིའི་སང་དང་བཅས་པས་ཁྲོམ་གཞུང་དང་གྲོང་གསེབ་ཏུ་བསྐྱོད་དེ་དཔྱད་གཞིའི་ཡིག་རིགས་ལྟ་ཀློག་དང་། སྙན་ཞུ་ཉན་པ། ས་ཡུལ་དངོས་སུ་ཞིབ་བཤེར། འདྲི་རྩད་བརྟག་དཔྱད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། བསམ་གྲུབ་རྩེ་ཆུས་ཀྱི་རེས་སྐོར་དང་པོ་དང་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚུར་ལན་གནད་དོན་དག་ཐེར་དང་། དེ་བཞིན་ཉེ་བའི་ལོ་གསུམ་རིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་ཉམས་གསོ་སོགས་ཀྱི་ལས་དོན་འཕེལ་རིམ་གཙོ་གནད་ཐོག་ཤེས་རྟོགས་བྱས་པ། ས་ཡུལ་དངོས་སུ་ཆུ་ཡུར་སྐྱེ་ཁམས་ཉམས་གསོ་དང་བྱེ་རྡོ་སྔོག་འདོན་བཀོལ་སྤྱོད། ཐོན་ཁུངས་ཚུར་བསྡུ་བསྐྱར་སྤྱོད། སྙིགས་རོར་ལྟ་སྐུལ་དོ་དམ་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད།

པར་འདི་ནི་ལིའི་སང་གིས་གཞིས་ཀ་རྩེ་གྲོང་ཁྱེར་ཅུན་ཁྲེང་རྡོ་གཡམ་སོ་ཕག་བཟོ་གྲྭར་ལྟ་ཞིབ་བྱེད་བཞིན་པ།
ལིའི་སང་གིས་ན་ནན་བཤད་བྱས་དོན། འཕེལ་རྒྱས་དང་སྲུང་སྐྱོང་གི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བར་གོ་བ་གཏིང་ཟབ་ལེན་པ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དམ་འཛིན་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་དུ་བསྒྱུར་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྱི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་དོན་འཁྱོལ་བྱས་ཚུལ་དེ་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ཏེ། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་ཞེས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས། འགན་འཁྲིའི་འབྲེལ་ཐག་དམ་དུ་གཏོང་བ། གནད་དོན་གྱི་ཁྲིད་ཕྱོགས་མཐའ་འཁྱོངས་དང་། ཁྲིམས་ལུགས་ཁྲིམས་སྲོལ་མངོན་གསལ་དོད་པ། ས་གནས་ཀྱི་འགན་འཁྲི་དང་། སྡེ་ཚན་གྱི་འགན་འཁྲི། ཁེ་ལས་ཀྱི་འགན་འཁྲི་དམ་དུ་གཏོང་བ་བཅས་བྱས་ཏེ་དག་ཐེར་གྱི་སྤུས་ཚད་ནན་ལ་དག་ཐེར་གྱི་མྱུར་ཚད་འགན་ལེན་ཐུབ་པ་བྱེད་དགོས། གྱོད་གཞི་དག་ཐེར་ཡོ་བསྲང་ཡག་པོ་བྱེད་པ། གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས། མཇུག་འབྲས་ཁྲིད་ཕྱོགས་བཅས་མཐའ་འཁྱོངས་བྱས་ནས་ད་ཐེངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དང་མང་ཚོགས་ཀྱི་ཡིག་སྐུར་ངོ་བཅར་གྱོད་གཞི་གོ་སྐབས་སུ་བྱས་ཏེ་མང་ཚོགས་ཀྱི་རེ་འདུན་ལ་དོ་ཁུར་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། ཟུར་བསྟན་ལེབ་མཐོང་ཐུབ་རྒྱུར་ཤུགས་སྣོན་བརྒྱབ་པ། གནད་དོན་དང་མི་འདང་ས་ཁྲོད་ནས་ཉམས་མྱོང་དང་བསླབ་བྱ་བསྡུ་ལེན་བྱ་རྒྱུར་མཐོང་ཆེན་བྱེད་པ། རིགས་གཅིག་པའི་མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་བཅོས་སྒྲིག་བྱེད་པ། ཤེས་རྟོགས་བྱུང་བའི་གནད་དོན་ལ་སྡེ་ཚན་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས་གཞོགས་འདེགས་དམ་ཟབ་དང་ལས་ཆོད་ཆེ་བའི་མཉམ་ལས་ཐུབ་པ་བྱེད་དགོས། འགན་འཁྲི་དོན་འཁྱོལ་ནན་པོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་དམངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ལ་དྲིལ་བསྒྲགས་སློབ་གསོ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བཅས་བྱས་ཏེ་རི་བོ་གཉིས་ཀྱི་ཐབས་ལམ་གསར་པ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་དགོས། བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ལེགས་སུ་བཏང་ནས་བསམ་གྲུབ་རྩེ་ཆུས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐྱེ་ཁམས་འགན་ལེན་བཟང་པོ་མཁོ་འདོན་བྱས་པ་གང་དེའི་མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཐོབ་ཚོར་དང་། བདེ་ཚོར། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

པར་འདི་ནི་ལིའི་སང་གིས་གཞིས་ཀ་རྩེ་གྲོང་ཁྱེར་ཁོའོ་ཀྲུང་བསྐྱར་སྐྱེས་ཐོན་ཁུངས་ཚད་ཡོད་འགན་འཁྲི་ཀུང་སིར་ལྟ་ཞིབ་བྱེད་བཞིན་པ།



བསྐྱར་ཞུས། འཆི་མེད། 

ཞུ་དག ཚེ་རིང་སྒྲོལ་མ།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

ཡིག་སྒྱུར། ཚེ་རིང་སྒྲོལ་མ།

སྒྲ་འཇུག ཚེ་སྒྲོན།

ཡོང་ཁུངས། ཇོ་རིའི་འཕྲིན་སྟེགས། 


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

点赞

收藏

评论
已输入0
全部评论
加载更多评论
热点推荐