首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > གསར་འགྱུར་གནད་བསྡུས།

གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྐབས་བརྒྱད་པའི་ཇོ་མོ་གླང་མ་བུམ་པའི་ཕོ་མོའི་ལག་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་འགོ་ཚུགས་པ།

2024-07-25 21:41:37

作者

评论
0

སྤྱི་ཟླ་༧པའི་ཚེས་༡༨ཉིན། གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྐབས་བརྒྱད་པའི་ཇོ་མོ་གླང་མ་བུམ་པའི་ཕོ་མོའི་ལག་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་གཞིས་ཀ་རྩེ་གྲོང་ཁྱེར་ལུས་རྩལ་ཁང་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད།

ཤུ་སྒྲ་གྲགས་པ་དང་ཆབས་ཅིག་འགྲན་བསྡུར་དངོས་སུ་འགོ་ཚུགས་ཤིང་། འགྲན་རའི་ནང་སྤོ་ལོ་རྒྱག་མཁན་ཚོས་བློ་གཅིག་སེམས་གཅིག་གིས་སྤོ་ལོའི་འགྲན་བསྡུར་ནང་ཞུགས་ནས་རྒྱུགས་ཤར་གློད་པ་དང་ཕན་ཚུན་འགོག་རེས་བྱེད་པ། ནུས་ཤུགས་ཡོད་རྒུས་ཕར་རྒོལ་བྱེད་པ་བཅས་གཞོགས་འདེགས་དམ་ཟབ་ཀྱིས་སྤོ་ལོ་ཧུར་ཐག་རྒྱག་པས་འགྲན་རའི་རྣམ་པ་སྔར་བས་འཁྲུག་ཆ་དོད་དུ་སོང་ནས་ཚ་རླབས་ཤིག་འཕྱུར་ཡོད།  

ལྟད་མོ་བ་ཚོའི་དགའ་འབོད་ཀྱི་སྐད་སྒྲ་དང་སྤོ་ལོ་རྒྱག་མཁན་ཚོའི་ནུས་ཤུགས་འདོན་སྤེལ་ལས་རང་རེའི་གྲོང་ཁྱེར་གྱི་ལས་བྱེད་ལས་བཟོ་ཚོའི་འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེར་སྐྱེད་ཀྱིས་འབད་འཐབ་བྱེད་པའི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་འགྲན་བསྡུར་དུས་ཡུན་ཉིན་༡༠ཡིན་པ་དང་གྲོང་ཁྱེར་ཡོངས་ཀྱི་སྤོ་ལོའི་རུ་ཁག་༣༢འགྲན་བསྡུར་ནང་ཞུགས་ཡོད་པ་རེད། ཇོ་མོ་གླང་མ་བུམ་པའི་ཕོ་མོའི་ལག་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་དེ་རང་རེའི་གྲོང་ཁྱེར་གྱི་རིག་གནས་ལུས་རྩལ་འཚོ་བའི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་པས། མང་ཚོགས་ཀྱི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་དང་འཁྲུག་ཆ་དོད་དུ་བཏང་ནས་ཚོགས་པའི་མཉམ་ལས་གཏིང་ཟབ་དང་སྙིང་རུས་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པའི་སྙིང་སྟོབས་སྐྱེད་སྲིང་བྱས་ཏེ་ལས་བྱེད་ལས་བཟོ་ཚོ་ལུས་རྩལ་བྱེད་སྒོར་ཞུགས་པའི་སྤྲོ་སེམས་སྔར་བས་འཕེལ་བ་བྱ་རྒྱུ་ཡིན་པ་རེད།

 (བདེ་སྐྱིད་ཀྱིས་བསྒྱུར་)


点赞

收藏

评论
已输入0
全部评论
加载更多评论
热点推荐