首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 时政

བཞད་མཐོང་སྨོན་རྫོང་གིས་སློབ་ཆེན་སློབ་མར་རོགས་དངུལ་དང་སྐུལ་ལྕག་གཏོང་བའི་དངུལ་སྒོར་ཁྲི་༢༦༢.༤སྤྲད་པ།

2024-07-21 11:35:29

作者

评论
0

སྤྱི་ཟླ་༧པའི་ཚེས་༡༧ཉིན། བཞད་མཐོང་སྨོན་རྫོང་གིས་སློབ་ཆེན་སློབ་མའི་རོགས་དངུལ་དང་སྐུལ་ལྕག་གཏོང་བའི་དངུལ་སྤྲོད་པའི་མཛད་སྒོ་འཚོགས་པ་རེད།

མཛད་སྒོའི་ཐོག  ལས་དོན་མི་སྣས་བཞད་མཐོང་སྨོན་རྫོང་གི་སློབ་ཆེན་སློབ་མའི་རོགས་དངུལ་དང་སྐུལ་ལྕག་གཏོང་བའི་དངུལ་གྱི་སྲིད་ཇུས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། ༢༠༡༥ལོ་ཚུན་གྱི་སློབ་ཆེན་སློབ་མར་རོགས་དངུལ་ཐོབ་ཚུལ་དང་རོགས་དངུལ་སྤྲོད་པ། དོ་དམ་བྱེད་ཚུལ་སོགས་ངོ་སྤྲོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་སློབ་ཆེན་སློབ་མ་༣༧༨ལ་རོགས་དངུལ་བྱུང་བ་དང་རོགས་དངུལ་བསྡོམས་འབོར་སྒོར་ཁྲི་༢༦༢.༤ཟིན་ཡོད་པ་རེད།

རོགས་སྐྱོར་ཐོབ་པའི་སློབ་མས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་སྙིང་རུས་ཆེན་པོས་སློབ་སྦྱོང་། ཧུར་བརྩོན་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ་སྤྱི་ཚོགས་དང་ཕ་ཡུལ་ལ་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

རོགས་སྐྱོར་ཐོབ་པའི་སློབ་ཆེན་སློབ་མ་བཀྲ་ཤིས་རྡོ་རྗེས། ང་ཚོས་དྲིན་ཚོར་གྱི་བསམ་པ་བཅངས་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སྐྱོང་དེ་སྙིང་རུས་ཆེན་པོས་སློབ་སྦྱོང་དང་དཀའ་སྤྱད་འབད་བརྩོན་བྱེད་པའི་ནང་གནས་སྒུལ་ཤུགས་ཤིག་ཏུ་འགྱུར་བ་བྱས་ཏེ་ཤེས་བྱ་སྦྱོང་འདོད་ཆེན་པོ་དང་ཡར་རྒྱས་བརྩོན་ལེན་གྱི་སེམས་ཤུགས་ཆེན་པོ་བཅངས་ནས་ཤེས་བྱ་ཡོན་ཏན་སྦྱོང་བ་དང་འཇོན་ཐང་ཆེ་རུ་བཏང་སྟེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་བརྗོད། 

(ཚེ་དབྱངས་ཀྱིས་བསྒྱུར་)


点赞

收藏

评论
已输入0
全部评论
加载更多评论
热点推荐