首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 新闻轮播图

མོ་ཊ་གཏོང་དུས་ཁ་ལོ་བ་ཞིག་གློ་བུར་དུ་ན་བས། ཉེན་རྟོག་པས་་་

2024-08-01 17:52:13

作者

ཚེ་རིང་རྒྱ་མཚོ།

评论
0



ཟླ་7པའི་ཚེས་21ཉིན་གྱི་ཆུ་ཚོད་15དང་སྐར་མ་15ཡི་ཐོག བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ནུབ་འདབས་དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས་ཀྱི་སྐོར་གཡེང་ཚོགས་ཆུང་ལ་བཀོད་འདོམས་ལྟེ་གནས་ཀྱི་བཀའ་འབྱོར་ནས། ཁ་ལོ་བ་ཞིག་མོ་ཊ་གཏོང་དུས་གློ་བུར་དུ་ནད་ཕོག་འདུག་པས་ལམ་སེང་སྨན་ཁང་དུ་བསྐྱལ་དགོས་ཀྱི་འདུག་ཅེས་བརྗོད། དེར་ཉེན་རྟོག་པས་མགྱོགས་མྱུར་ས་ཡུལ་དངོས་སུ་བསྐྱོད་ཡོད་པ་རེད།

ས་ཡུལ་དངོས་སུ་འབྱོར་རྗེས། ཁ་ལོ་བ་ཉི་ཆེ་གེ་མོས་ཉེན་རྟོག་པར། ཁོ་པ་རླངས་འཁོར་གཏོང་བའི་ལམ་བར་དུ་གློ་བུར་དུ་ནད་གཞི་ལངས་ནས། དབུགས་གཏོང་དཀའ་བ་དང་རྐང་ལག་སྦྲིད་ཀྱི་འདུག་ཅེས་བརྗོད།

གནས་ཚུལ་རྒྱུས་ལོན་བྱུང་རྗེས། ཉེན་རྟོག་པས་འཕྲལ་དུ་ཉེན་རྟོག་པའི་རླངས་འཁོར་བཏང་སྟེ་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག སྐར་མ་7གྱི་ནང་ཚུན་དུ་ནད་ཕོག་པའི་ཁ་ལོ་ཉི་ཆེ་གེ་མོ་སྨན་ཁང་དུ་བསྐྱལ་བ་རེད།
སྨན་ཁང་དུ་འབྱོར་རྗེས། ཉེན་རྟོག་པས་སྨན་དོན་མི་སྣར་གཞོགས་འདེགས་བྱས་ནས་ཉི་ཆེ་གེ་མོ་འཕྲལ་དུ་མྱུར་སྐྱོབ་ཁང་དུ་བསྐྱལ་ནས་བརྟག་དཔྱད་བྱས་པ་དང་འབྲེལ་ཡོད་འགྲོ་ལུགས་ཀྱང་གཉེར་རོགས་བྱས་ཡོད། མྱུར་སྐྱོབ་བྱས་པ་བརྒྱུད་ཉི་ཆེ་གེ་མོའི་ནད་གཞི་ཚོད་འཛིན་བྱ་ཐུབ་ནས་མིག་སྔར་ཉེན་ཁ་ལས་ཐར་ཡོད་པ་རེད།

བསྐྱར་ཞུས། འཆི་མེད།

ཞུ་དག ཚེ་རིང་རྒྱ་མཚོ།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

ཡིག་སྒྱུར། ཚེ་རིང་སྒྲོལ་མ།

སྒྲ་འཇུག ཚེ་རིང་རྒྱ་མཚོ།

རྒྱ་ཡིག་ཡོང་ཁུངས། དུས་བདེའི་བསམ་གྲུབ་རྩེ།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།


点赞0

收藏

评论
已输入0
全部评论
加载更多评论
热点推荐