首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 新闻轮播图

ལུག་རའི་ནང་གསའ་འཛུལ་རྗེས་འབྲོག་པ་དེས་འདི་ལྟར་བྱས།

2024-08-01 17:52:13

作者

ཚེ་རིང་རྒྱ་མཚོ།

评论
0





ཟླ་7པའི་ཚེས་24ཉིན་གྱི་སྔ་དྲོའི་ཆུ་ཚོད་8ཙམ་ལ། ངམ་རིང་རྫོང་སྤྱི་བདེ་ཅུས་ཡ་མོ་ཤང་མངགས་གཏོང་ཁང་ལ་གཞུ་རུ་གྲོང་ཚོའི་འབྲོག་པ་བཀྲ་ཆེ་གེ་མོའི་ཉེན་དོན་སྙན་སེང་འབྱོར་ནས། ངའི་ཁྱིམ་གྱི་ལུག་རའི་ནང་གསའ་འཛུལ་འདུག་པས་ཁྱེད་རྣམ་པས་རོགས་རམ་གནང་རོགས་ཞེས་བརྗོད། ཉེན་བརྡ་འབྱོར་རྗེས། མི་དམངས་ཉེན་རྟོག་པས་འཕྲལ་དུ་བཀྲ་ཆེ་གེ་མོའི་ཁྱིམ་དུ་བསྐྱོད་པ་དང་། ས་ཡུལ་དངོས་སུ་སླེབས་རྗེས། བཀྲ་ཆེ་གེ་མོས་གསའ་ལུག་རའི་ནང་དུ་བཀག་ནས་བསྡད་ཡོད་པ་མཐོང་། ཡིན་ནའང་ལུག་རའི་བདེ་འཇགས་དེ་ཙམ་གྱིས་བརྟན་པོ་མེད་པ་དང་། གཅན་གཟན་གསའ་ཡིས་མི་ཕྱུགས་གང་ལའང་གནོད་འཚེ་གཏོང་གི་ཡོད་པས། ཉེན་རྟོག་པས་འཕྲལ་དུ་མཐའ་འཁོར་གྱི་མང་ཚོགས་ཁྱིམ་ལ་ལོག་ཏུ་འཇུག་པ་དང་། མཐའ་འཁོར་གྱི་ཕྱུགས་རིགས་ནང་ལ་བཅུག་སུ་འཇུག་པ་རེད།



ཉེན་རྟོག་པས་རི་དྭགས་སྲོག་ཆགས་སྲུང་སྐྱོང་དང་། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱེད་པའི་རྩ་དོན་མཐའ་འཁྱོངས། དེ་བཞིན་ཉེན་རྟོག་པ་རང་ངོས་ཀྱི་བདེ་འཇགས་འགན་ལེན་བྱས་པའི་རྨང་གཞིའི་འོག་གསའ་དེ་རི་ཁྲོད་ལ་གློད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལུག་རའི་ནང་གསས་ལུག་14བསད་ཡོད་པ་དང་། ཉེན་རྟོག་པས་འཕྲལ་དུ་འགན་བཅོལ་ཀུང་སིར་འབྲེལ་གཏུག་བྱས་ཏེ་འབྲོག་པར་སྐྱིན་ཚབ་འཇལ་རོགས་བྱས་ཡོད་པ་རེད།


བསྐྱར་ཞུས། འཆི་མེད། 

ཞུ་དག ཚེ་རིང་རྒྱ་མཚོ།  

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

ཡིག་སྒྱུར། ཚེ་རིང་སྒྲོལ་མ།

སྒྲ་འཇུག ཚེ་སྒྲོན།

རྒྱ་ཡིག་ཡོང་ཁུངས། ཇོ་རིའི་འཕྲིན་སྟེགས། 


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།


点赞0

收藏

评论
已输入0
全部评论
加载更多评论
热点推荐