首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 新闻轮播图

གུང་གསེང་རིང་ཁྱིམ་བདག་ཚོས་འདི་དག་ལ་དོ་སྣང་བྱེད་དགོས་འདུག

2024-08-01 17:52:13

作者

ཚེ་རིང་རྒྱ་མཚོ།

评论
0



 

  དབྱར་ཁའི་གུང་གསེང་ཤར་བས། གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཁྱིམ་བདག་མང་ཆེ་བ་ཕྱིར་གླ་པ་རྒྱུག་པའམ་ཡང་ན་ཞིང་ལས་ལ་བྲེལ་བཞིན་པར་བརྟེན། བྱིས་པར་ལྟ་རྟོག་བྱེད་པའི་དུས་ཚོད་མང་པོ་མེད། དེས་ན་གྲོང་གསེབ་ཀྱི་ལོ་ཆུང་བྱིས་པ་ཚོར་ལྟ་སྐྱོང་བྱེད་མཁན་མེད་པའམ་ཡང་ན་རྒན་འཁོགས་ཀྱིས་ལྟ་རྟོག་བྱེད་དགོས་ཀྱི་ཡོད་པས། གུང་གསེང་རིང་བྱིས་པར་གནས་ཚུལ་ལྷག་མང་དུ་འགྲོ་གི་ཡོད།

    ལས་འཛོལ་གྱི་འབྱུང་རྐྱེན་དང་པོ། 

ཁྲིམས་ཀྱི་ལོ་ཚད་མ་ལོན་པར་རྐང་འཁོར་གཏོང་བ།

    འགྲིམ་འགྲུལ་ཉེན་རྟོག་པས་དྲན་སྐུལ་བྱས་དོན། ལོ་ན་ཆུང་བ་དང་ཉམས་མྱོང་མེད་པའི་རྐྱེན་གྱིས། ཁྲིམས་ཀྱི་ལོ་ཚད་མ་ལོན་པའི་ལོ་ཆུང་བྱིས་པས་རྐང་འཁོར་བཞོན་ནས་ལམ་དུ་འགྲོ་སྐབས་འགྲིམ་འགྲུལ་ལས་འཛོལ་ཐོན་སླ་པོ་ཡོད། ཁྱིམ་བདག་གིས་ལོ་12མ་ལོན་པའི་བྱིས་པ་གཞུང་ལམ་དུ་རྐང་འཁོར་བཞོན་འཇུག་རྒྱུ་མེད།

    ལས་འཛོལ་གྱི་འབྱུང་རྐྱེན་གཉིས་པ། 

རྒྱལ་ལམ་དང་ཞིང་ཆེན་ལམ། མྱུར་བགྲོད་གཞུང་ལམ་གྱི་ལམ་འགྲམ་དུ་རྩེད་མོ་རྩེ་བའམ་ཡང་ན་འཕྲེད་བཅད་གཏོང་བ།

    འགྲིམ་འགྲུལ་ཉེན་རྟོག་པས་དྲན་སྐུལ་བྱས་དོན། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་ལྟ་སྐྱོང་བ་མང་ཆེ་བ་ཡུན་རིང་བྱིས་པའི་འགྲམ་དུ་མེད་པ་མ་ཟད། དབྱར་ཁའི་གུང་གསེང་རིང་ཕྲུ་གུ་རྟག་ཏུ་རྒྱལ་ལམ་དང་། ཞིང་ཆེན་ལམ། མྱུར་བགྲོད་གཞུང་ལམ་སོགས་ཀྱི་ལམ་འགྲམ་དུ་རྩེད་མོ་རྩེ་རྒྱུར་དགའ་པོ་བྱེད་ཀྱི་ཡོད། ལྟ་སྐྱོང་བས་ཀྱང་ཕྲུ་གུ་མང་པོ་མཉམ་དུ་ཡོད་ཚེ། བདེ་འཇགས་ཀྱི་གནད་དོན་ཐོན་མི་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད། རྒྱལ་ལམ་དང་། ཞིང་ཆེན་ལམ། མྱུར་བགྲོད་གཞུང་ལམ་བཅས་སུ་མོ་ཊའི་མྱུར་ཚད་མགྱོགས་པོ་ཡོད་པས། ཁ་ལོ་བས་ལམ་འགྲམ་དུ་རྩེད་མོ་རྩེ་བའམ་ཡང་ན་གློ་བུར་དུ་གཞུང་ལམ་འཕྲེད་བཅད་གཏོང་མཁན་ལོ་ཆུང་བྱིས་པ་ཡག་པོ་མཐོང་གི་མེད། སྐབས་རེ་བྱིས་པ་མཐོང་ཡང་མོ་ཊ་ཁ་འགོག་མི་ཐུབ་པས། མཐར་བྱིས་པར་རྡུང་ཉེན་ཡོད། དེས་ན་ཁྱིམ་བདག་ཚང་མས་ངེས་པར་དུ་བྱིས་པར་ལྟ་སྐྱོང་ཡག་པོ་བྱེད་དགོས།

    ལས་འཛོལ་གྱི་འབྱུང་རྐྱེན་གསུམ་པ། 

རྒན་འཁོགས་ཀྱིས་བྱིས་པར་ལྟ་རྟོག་དང་སློབ་གསོ་མི་འདང་བ།

    འགྲིམ་འགྲུལ་ཉེན་རྟོག་པས་དྲན་སྐུལ་བྱས་དོན། གཞུང་ལམ་དུ་གློག་སྒུལ་སྦག་སྦག་གཏོང་བར་ལོ་བཅུ་དྲུག་ལ་སླེབས་དགོས། གྲོང་གསེབ་ཏུ་ལོ་ཆུང་བྱིས་པར་ལྟ་རྟོག་བྱེད་མཁན་དང་། ལྷག་པར་དུ་རྒན་འཁོགས་ལ་འགྲིམ་འགྲུལ་གནོད་འཚེའི་ངོས་འཛིན་ཟབ་མོ་མེད་པས། ཁྲིམས་ཀྱི་ལོ་ཚད་མ་ལོན་པའི་ལོ་ཆུང་བྱིས་པར་རྐང་འཁོར་རའམ་ཡང་ན་གློག་སྒུལ་སྦག་སྦག་གཏོང་དུ་འཇུག་གི་ཡོད། འོན་ཀྱང་ལོ་ཚད་འདིའི་སྐབས་ཀྱི་བྱིས་པས་འགྲོ་ལམ་གྱི་སྒྲིག་སྲོལ་དེ་ཙམ་གསལ་པོ་ཤེས་ཀྱི་མེད་པ་མ་ཟད། མོ་ཊར་ཡིད་གཟབ་དང་གནས་ཚུལ་ཛ་དྲག་འཕྲད་ཚེ་ཐག་གཅོད་བྱེད་པ་སོགས་ཀྱི་ནུས་པ་ཅུང་ཞན་པ་དང་། རྙོག་འཛིང་ཆེ་བའི་འགྲོ་སྐྱོད་ཁོར་ཡུག་དང་བསྟུན་ཐུབ་ཀྱི་མེད་པས་ཉེན་ཁ་ཐོན་སླ་པོ་ཡོད།

བསྐྱར་ཞུས། འཆི་མེད། 

ཞུ་དག ཚེ་རིང་རྒྱ་མཚོ།  

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

སྒྲ་འཇུག ཚེ་སྒྲོན།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

点赞0

收藏

评论
已输入0
全部评论
加载更多评论
热点推荐