首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > གསར་འགྱུར་གནད་བསྡུས།

རང་རེའི་གྲོང་ཁྱེར་གྱི་རྫོང་ཆུས་ཁག་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གྲྭར་སྤེལ་བ།

2024-07-25 21:46:30

作者

评论
0

གཞོན་ནུ་ལོ་ཆུང་སློབ་མའི་ཁྲིམས་སྐྱོང་འདུ་ཤེས་དང་རང་ངོས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉིན་ཤས་བསྟུད་མར་རང་རེའི་གྲོང་ཁྱེར་གྱི་རྫོང་ཆུས་ཁག་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་འཆད་ཁྲིད་དང་མཉམ་འགུལ་ལན་འདེབས་སོགས་ཀྱི་བྱེད་ཐབས་བརྒྱུད། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གྲྭར་སྤེལ་བ་ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བྱེད་སྒོ་ཧུར་ཐག་སྤེལ་ནས་ཁྲིམས་ཀྱི་མིང་ཐོག་ནས་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྲུང་སྐྱོང་བྱས་ཡོད།

པ་སྣམ་རྫོང་སློབ་འབྲིང་དུ་སྐྱོད་སྐབས། བོད་ལྗོངས་མྱང་ཆུ་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཁྲིམས་རྩོད་པས་སློབ་གྲྭའི་ནང་གི་གཏུམ་སྤྱོད་ཀྱི་ཐ་སྙད་དང་མངོན་ཚུལ་སོགས་དང་སློབ་མའི་སློབ་སྦྱོང་དང་དེ་བཞིན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁྲིམས་ལུགས་ཁྲིམས་སྲོལ། རྒྱུན་མཐོང་གི་སྤྱི་ཚོགས་ཐོག་གླེང་མང་བའི་གནད་དོན་བཅས་ལ་དམིགས་པ་དང་དཔེ་མཚོན་གྱི་གྱོད་དཔེ་དང་ཟུང་འབྲེལ་སྒོ་ནས་གྱོད་གཞིར་གཞིགས་ཏེ་བཅའ་ཁྲིམས་ལ་འགྲེལ་བཤད་བརྒྱབ་པ། གཞོན་ནུ་ལོ་ཆུང་ལ་ཡིན་མིན་གསལ་འབྱེད་དང་རང་ཉིད་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་ནས་རང་འགུལ་ངང་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཐོན་རྒྱུ་བཀག་འགོག་བྱེད་དགོས་པའི་ཉེན་བརྡ་དང་སློབ་གསོ་བརྒྱབ་པ་རེད།

  པ་སྣམ་རྫོང་སློབ་འབྲིང་གི་སློབ་མ་རྣམ་རྒྱལ་རྡོ་རྗེས། སློབ་ཚན་འདིའི་ནང་ང་རང་ལ་བཅའ་ཁྲིམས་སྐོར་གྱི་ཤེས་བྱ་མང་པོ་དང་ཕྱིས་སུ་སློབ་གྲྭའི་ནང་གཏུམ་སྤྱོད་བྱེད་མཁན་གྱི་གནས་ཚུལ་འཕྲད་སྐབས་ཇི་ལྟར་བྱས་ནས་རང་ཉིད་སོ་སོར་སྲུང་སྐྱོབ་བྱེད་དགོས་པ་སོགས་ཤེས་བྱུང་ཞེས་བཤད་པ་རེད།   

གམ་པ་རྫོང་དང་གཉའ་ལམ་རྫོང་། ལྷ་རྩེ་རྫོང་བཅས་སུ་སྐྱོད་སྐབས་ཁྲིམས་འཛིན་ཅུད་དང་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་སོགས་ལས་དོན་མི་སྣས་རྩ་ཁྲིམས་ཀྱི་ནང་དོན་གཙོ་བོ་ངོ་སྤྲོད་བྱ་རྒྱུ་འཇུག་སར་བྱས་ནས། ཤེས་རྟོགས་བྱེད་དགོས་ངེས་ཀྱི་བཅའ་ཁྲིམས་ཤེས་བྱ་དང་ན་སོ་དར་ལ་མ་བབས་པའི་མིས་ཁྲིམས་འགལ་ཉེས་གསོག་བྱས་ཚེ་བཅའ་ཁྲིམས་ཀྱི་འགན་འཁྲི་གང་འདྲ་ཞིག་འཁུར་དགོས་པ་སོགས་ཀྱི་ནང་དོན་ལ་དམིགས་ཏེ་སློབ་མ་ཚོ་དང་སྤེལ་རེས་ཧུར་ཐག་བྱས་པ། ཡང་དག་པ་དང་བློ་རིག་ལ་བརྟེན་ནས་ན་སོ་དར་ལ་མ་བབས་པའི་མིའི་དབར་གྱི་འགལ་ཟླ་ཐག་གཅོད་བྱེད་པ། སློབ་གྲྭའི་ནང་གི་གཏུམ་སྤྱོད་སྔོན་འགོག་བྱེད་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་རང་རྟོགས་ངང་བརྩི་སྲུང་ཞུ་བ་བཅས་ཁྲིམས་བཀུར་དང་ཁྲིམས་སྦྱོང་བ། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་ཀྱི་དུས་རབས་གསར་པའི་ཡ་རབས་ལྡན་པའི་ན་གཞོན་བཟང་པོ་ཞིག་བརྩོན་ལེན་བྱེད་རྒྱུར་ཁྲིད་སྟོན་བྱས་པ་རེད། 

གོམ་སྟབས་རྗེས་མར་རང་རེའི་གྲོང་ཁྱེར་གྱི་རྫོང་ཆུས་ཁག་གིས་མུ་མཐུད་ཁྲིམས་སྐྱོང་སློབ་གྲྭར་ཁྱབ་གདལ་གཏོང་བ་ཞེས་པའི་བྱེད་སྒོར་བརྟེན་ནས་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སྒྲོག་འགྲེལ་བྱེད་སྒོ་རྣམ་པ་སྣ་ཚོགས་སྤེལ་ཏེ་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་ཆེད་སྲ་ཞིང་བརྟན་པའི་བཅའ་ཁྲིམས་ཀྱི་འགན་ལེན་བྱ་རྒྱུ་ཡིན་པ་རེད།

   (བདེ་སྐྱིད་ཀྱིས་བསྒྱུར་)


点赞0

收藏

评论
已输入0
全部评论
加载更多评论
热点推荐