首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > གསར་འགྱུར་གནད་བསྡུས།

རང་རེའི་གྲོང་ཁྱེར་གྱི་ཀོ་ཐང་ཤང་ལ་ཁག་དང་པོའི་རྒྱལ་ཡོངས་རིམ་པའི་དུས་བདེའི་མཐའ་མཚམས་དཔེ་སྟོན་ཤང་གྲོང་གི་མིང་ཐོབ་པའི་སྒོ་བྱང་འགེལ་བའི་མཛད་སྒོ་གཉེར་བ།

2024-07-25 21:46:30

作者

评论
0

སྤྱི་ཟླ་༣པའི་ཚེས་༢༢ཉིན། རང་རེའི་གྲོང་ཁྱེར་གྱི་ཀོ་ཐང་ཤང་ལ་ཁག་དང་པོའི་རྒྱལ་ཡོངས་རིམ་པའི་དུས་བདེའི་མཐའ་མཚམས་དཔེ་སྟོན་ཤང་གྲོང་གི་མིང་ཐོབ་པའི་སྒོ་བྱང་འགེལ་བའི་མཛད་སྒོ་དང་གྲོང་ཁྱེར་ཡོངས་ཀྱི་དུས་བདེའི་མཐའ་མཚམས་དཔེ་བཟང་རིམ་གཏོད་བྱེད་སྒོའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀེ་ཆིང་མིན་ཚོགས་འདུར་ཕེབས་པ་དང་འབྲེལ་དུས་བདེའི་མཐའ་མཚམས་དཔེ་སྟོན་ཤང་གྲོང་ལ་དཔྱད་འདེམས་བྱས་པའི་ཀོ་ཐང་ཤང་གི་སྒོ་བྱང་གི་ཡོལ་བ་ཕྱེ་གནང་བ་རེད།     

ཚོགས་འདུའི་ཐོག  རིམ་ཁག་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོར་གཏོང་དང་ཕོད་པ་བཞིའི་བླང་བྱ་ལག་ལེན་ཤུགས་ཆེན་བསྟར་ཏེ་སྔོན་ཐོན་བརྩོན་ལེན་དང་གཅིག་རྗེས་གཉིས་མཐུད་ངང་སྔོན་ཐོན་གཏོད་པའི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་བ་བྱེད་པ། དུས་བདེའི་མཐའ་མཚམས་དཔེ་བཟང་རིམ་གཏོད་བྱེད་སྒོའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ་གཞིས་ཀ་རྩེའི་མཐའ་མཚམས་ས་ཁུལ་གྱི་དུས་བདེའི་དཔེ་སྟོན་རབ་དང་རིམ་པ་གཏོད་པའི་མཛེས་ལྗོངས་ཁུལ་རིམ་བཞིན་གཏོད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། སློབ་གསོ་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་ཕན་འབྲས་དངོས་ཐོན་པ་བྱེད་པ་བཅས་ཀྱི་ཐད་འབད་འཐབ་བྱས་ནས་དུས་བདེའི་མཐའ་མཚམས་ཀྱི་དཔེ་བཟང་རབ་དང་རིམ་པ་གཏོད་རྒྱུའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།     

ཚོགས་འདུའི་ཐོག《རྒྱལ་ཁབ་གནས་སྤོས་ཡུལ་མིའི་དོ་དམ་ཅུད་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན། ཞིང་ལས་དང་གྲོང་གསེབ་པུའུ། རྒྱལ་ཁབ་མཐའ་མཚམས་མཚོ་སྲུང་ཨུ་ལྷན་གཞུང་དོན་ཁང་བཅས་ཀྱི་དུས་བདེའི་མཐའ་མཚམས་དཔེ་སྟོན་རྫོང་གྲོང་ཁྱེར་དང་ཤང་གྲོང་རྡལ་གྱི་མིང་ཐོག་མ་འདོགས་རྒྱུའི་སྐོར་གྱི་གཏན་འབེབས་》སྒྲོག་སྦྱངས་བྱས་པ། ཀོ་ཐང་ཤང་ཏང་ཨུད་དང་གཞིས་ཀ་རྩེའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཀོ་ཐང་མཐའ་མཚམས་མངགས་གཏོང་ཁང་གི་འགན་འཁུར་མི་སྣས་སྤེལ་རེས་གཏམ་བཤད་བྱས་པ་རེད།

  (པ་སངས་ཆུང་བདག་གིས་བསྒྱུར་)


点赞0

收藏

评论
已输入0
全部评论
加载更多评论
热点推荐