ལན་བུ་རྒྱ་ལྕང་ལོ་མར། །
མེ་ཏོག་ཕྲ་རྒྱན་བཏབ་ཡོད། །
པད་མའི་ཞལ་ཁྱིམ་ངོས་སུ། །
འཛུམ་དཀར་རི་མོ་མཛེས་པ། །
ལང་ཚོའི་དམན་ཤར་མཛེས་མར། །
ཁྲེལ་གཞུང་ཉི་ཟླ་རང་འཁོར། །
མ་ལོ་སྙིང་ལ་ཉེ་བ། །
ཕ་ཁྱིམ་ནང་གི་གཅེས་ལོ། །
དར་མའི་ལང་ཚོ་སྨིན་པས། །
མི་འདོད་གནས་ལ་བསྐྱལ་སོང་། །
ཕྱིར་མིག་ཡུལ་ལ་ཐོགས་ནས། །
མིག་ཆུས་མཁུར་ཚོས་བངས་སོང་། །
ས་མཐའི་ཉིན་ཞག་རིང་མོར། །
ཡུལ་ལ་ཞེ་འཁྲེང་རྒྱས་སོང་། །
དར་རྒུད་ལས་འཕྲོ་ནང་གི །
ས་མཐའི་ཡུལ་གྱི་མགྲོན་པོ། །
ཁྱིམ་གཞིས་གཡང་ར་གྲུ་བཞིར། །
བཙན་རྒྱུད་བུ་ཕྲུག་བཙས་ཡོད། །
གནག་སྣུམ་སྐྲ་ཡི་ལན་བུ། །
མཛེས་པའི་སྐྲ་ལོས་བརྒྱན་སོང་། །
རི་ཀླུང་ལྷས་འདབས་ཁྲོད་ན། །
མི་ཚེའི་གཏམ་རྒྱུད་བྲིས་ཡོད། །
ཨ་མ་དྲན་པའི་བུ་མོ། །
སེམས་ཀྱི་སྲུང་མ་ཡིན་ནོ། །
点赞
收藏