首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། གཙང་གི་བུ་མོ། གངས་གཅེས་ཀྱིས།

2024-09-05 11:02:50

作者

评论
0

རི་བོ་འདྲ་འདྲའི་དཀྱིལ་ན། །

ཇོ་མོ་གླང་མ་མཐོ་སོང་། །

བུ་མོ་མང་པོའི་ཚོགས་ན། །

གཙང་གི་བུ་མོ་མཛེས་སོང་། །


དཀའ་སྤྱད་སྡུག་རུས་འཁྱོག་པ། །

གངས་དང་ལྷགས་རླུང་ཁྲོད་ཀྱི། །

གངས་ལྷ་མེ་ཏོག་འདྲ་བ། །

ང་ཚོ་གཙང་གི་བུ་མོ། །


ཆུ་མོ་འདྲ་འདྲའི་དབུས་ན། །

ཡར་ཀླུང་གཙང་པོ་རིང་བྱུང་། །

སྨན་ཆུང་འདུས་པའི་ཁྲོམ་ན། །

གཙང་གི་བུ་མོ་མཛེས་པ། །


ངང་རྒྱུད་ཆུ་ལས་རིང་བ། །

ཡར་ཀླུང་གཙང་པོའི་ངོགས་ཀྱི། །

སྐལ་བཟང་མེ་ཏོག་འདྲ་བ། །

ང་ཚོ་གཙང་གི་བུ་མོ། །


དཀར་པོ་འདྲ་འདྲའི་ནང་ནས། །

སྟོན་སྤྲིན་ཁ་དོག་དཀར་སོང་། །

མཛེས་མ་མང་པོའི་ཁྲོད་དུ། །

གཙང་གི་བུ་མོ་མཚར་བ། །


སྤྱོད་ཡོན་གཉིས་ཀ་འཛོམས་པ། །

སྣ་ཚོགས་མེ་ཏོག་སྐྱེད་ཚལ། །

པད་མ་མེ་ཏོག་འདྲ་བ། །

ང་ཚོ་གཙང་གི་བུ་མོ། །


བྱམས་པ་འདྲ་འདྲའི་ཁྲོད་ནས། །

ཨ་མའི་བྱམས་བརྩེ་ཟབ་བྱུང་། །

སྙིང་སྡུག་དུ་མའི་ཚོམས་ནས། །

གཙང་གི་བུ་མོ་བྱམས་པ། །


ཐུགས་གཤིས་མཛེས་པར་བལྟས་ན། །

མཐའ་ཡས་རྩྭ་ཐང་སྟེང་གི །

སྤང་རྒྱན་མེ་ཏོག་འདྲ་བ། །

ང་ཚོ་གཙང་གི་བུ་མོ། །


དེ་ལྟའི་མཛེས་ཆོས་ལྡན་པ། །

ང་ཚོ་གཙང་གི་བུ་མོ། །

ཡིད་འོང་ལྡུམ་རའི་ནང་གི །

སྣ་མིན་མེ་ཏོག་འདྲ་བ། །


点赞

收藏

评论
已输入0
全部评论
加载更多评论