ཉི་མ་སྤྲིན་གྱིས་བསྒྲིབས་སོང་། །
མེ་ཏོག་ཆར་པས་གཙེས་སོང་། །
ཞེ་མཐུན་སེམས་ཀྱི་རི་མོ། །
དམ་ཚིག་བར་ནས་གཡུགས་སོང་། །
ཉི་ཤུ་རླུང་གིས་འཁུར་སོང་། །
ལང་ཚོ་སད་ཀྱིས་བཅོམ་སོང་། །
རྩེད་གྲོགས་ཡིད་ཀྱི་ཨ་ལོང་། །
རྩེད་ཆས་བར་ནས་བོར་སོང་། །
མགོ་བོ་རུམ་དུ་བཅུག་སྟེ། །
སྙིང་གཏམ་ཚིག་གསུམ་ཞུས་ཡོད། །
མཛའ་གཏམ་དགྲ་བོའི་གོ་རྗེས། །
ལས་འབྲེལ་མདུད་པ་ཆད་སོང་། །
ང་དང་མཛའ་བོའི་བར་ལ། །
ལས་འགྲོའི་སྐུད་ཐག་ཆད་མེད། །
དུངས་སེམས་འོ་མ་འདྲ་བ། །
ཁབ་རྩེའི་སྣེ་ནས་ཡལ་སོང་། །
点赞
收藏