首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། དབྱར་གཞུང་གི་འཕྲིན་པ། ཆུ་ཡིས།

2024-08-19 10:56:33

作者

评论
0

དབྱར་གཞུང་གི་ཉི་འོད་ཁྲོད་ནས།

ཁྱོད་ཀྱི་ལས་སྐལ་གྱི་བསོད་ནམས་དྲན་གྱིན།

མཛེས་སྡུག་གི་མེ་ཏོག་དང་མཉམ་དུ་འཚོ་བར་རོལ་གྱིན་ཡོད།


དབྱར་གཞུང་གི་སྤྲིན་དཀར་འོག་ནས།

ཁྱོད་ཀྱི་བསྐལ་པ་སྟོང་གི་བསོད་ནམས་ཀྱི་ལས་འཕྲོ་ཡིད་ལ་འཁོར་ཞིང་།

རེ་འདུན་གསར་པ་ཡི་ལམ་སྣེ་མཛེས་སྡུག་ལྡན་པར་སྨོན།


ངའི་འདི་ལྟར་དབྱར་གཞུང་གི་གཙང་པོ་རུ།

སེམས་འདུན་དཀར་པོས་ཞི་འཇམ་གྱི་གྲོགས་པོར།

ཉི་འོད་དང་ཟླ་འོད་ཡང་བསྐྱར་མཐོང་སོང་ཞེས་བསྐུར་ཡོད།


བསིལ་བསིལ་གྱི་མཚན་ལྗོངས་རེ་རེ།

ཟླ་འོད་དང་སྐར་ཚོགས་གྲངས་མེད་ཅིག་ལ།

སྙན་ངག་གི་ལང་ཚོ་ཕུལ་ཡོད།


ང་རང་ཟླ་འོད་ལ་སྙིང་ཉེ་དོན།

ཧ་ཅང་ལྷིང་འཇགས་ལ་དགའ་བས་ཡིན་ནམ།

ཡང་ན་ལྷིང་འཇགས་ནང་གི་ཁྱོད་ཀྱི་ན་ཚོད་དྲན་པས་ཡིན།


点赞

收藏

评论
已输入0
全部评论
加载更多评论