མེ་ཏོག་འདྲ་བའི་ཡག་ཅིག་མེད་རུང་། །
མཐོང་གིན་མཐོང་གིན་མིག་ལ་མཛའ་འོ། །
ཁུ་བྱུག་འདྲ་འདྲའི་གསུང་སྙན་མེད་རུང་། །
རྣ་བར་འཕྲོད་པའི་ལས་ཤིག་ཡོད་དོ། །
འཇའ་ཟེར་ལྟ་བུའི་མཛེས་ཤིག་མེད་རུང་། །
འཚོལ་བཞིན་འཚོལ་བཞིན་བློ་རུ་བབ་ཀྱིས། །
རྨ་ཀླུང་བཞིན་དུ་འཕྱོར་ཉམས་མེད་རུང་། །
བདག་གི་བློ་སྙིང་ཁྱེད་ལ་ཕྱོགས་ཡོད། །
བརྩེ་བའི་སྙིང་གཏམ་མང་ཞིག་མེད་རུང་། །
དུང་བའི་མེ་དྲོད་ཚ་བ་ཆེ་བའི། །
ཁྱོད་ལ་དགའ་ཞེས་གཏམ་ཡང་མེད་རུང་། །
ལས་འཕྲོའི་མེ་ཏོག་ལྷན་སྐྱེས་ཡིན་འདུག །
མ་བཅོས་ཞལ་གྱི་སྐྱི་པགས་དེ་ཉིད། །
བལྟས་ཀྱིན་བལྟས་ཀྱིན་མིག་ལ་མཛེས་སོང་། །
བརྩེ་བའི་བརྡ་ཐབས་ཤ་ཡི་རུས་ལ། །
རང་དབང་མེད་པར་ཟིམས་ཉེན་ཆེ་འོ། །
点赞0
收藏