首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། དབྱིག་འཛིན་བུ་མོའི་ཟླ་བོ་ག་བུར་རྡུལ། རིག་པའི་རྡོས།

2024-07-25 21:59:15

作者

评论
0

ལྷད་མེད་ཀྱི་བརྩེ་འདང་དང་། 

འགྱུར་མེད་ཀྱི་མཛའ་གཅུགས། 

མདང་དགོང་། གྲང་རླུང་གི་བཙན་རྒོད་མེད་དུས། 

ཁྱེད་ཉིད་དལ་མ་ལྷོད་ཀྱིས་ཕེབས་བྱུང་། 

སེར་ལྡན་དགའ་མས་དགའ་བ་འབུམ་གྱིས་ཕྱུག་ཅིང་། 

ལྷག་བསམ་ཟོལ་མེད་ཀྱི་འཛུམ་མདངས་འཕྱུར།

ཨེ་མ། དངོས་ནས་ལྷད་མེད་ཀྱི་དན་རྟགས་དང་། 

འགྱུར་མེད་ཀྱི་དཔང་པོ་ཞིག་ཅི་ལ་མིན། 

ཀྱེ་ཀྱེ། དབྱིག་འཛིན་སྒེག་མོ་དང་ཁ་བའི་ཕོ་གཞོན། 

ཁྱེད་གཉིས་ཀྱིས་དེང་སང་གི་གསར་གྲོགས་ལྟར། 

ཉིན་རེ་ལ་ཐུག་འཕྲད་རེ་བྱེད་ཅིང་། 

འཕྲད་ཐེངས་རེར་རྩོད་འཛིང་རེ་མི་བྱེད་ལ། 

གཡོ་ཟོལ་གྱིས་མཆེ་བ་སྦས་ནས། 

དགའ་མདོག་གིས་སྒྱུ་གར་ཡང་མི་འཁྲབ།

ཁྱེད་གཉིས་ཀྱིས་ཉུང་མཐར་ཡང་། 

ལོ་འཁོར་རེར་མཇལ་འཕྲད་རེ་བྱེད་ཅིང་། 


དེ་ཡི་དུས་སུ། 

ཆེས་དྭངས་གཙང་གི་བརྩེ་བ་ཞིག་ཕན་ཚུན་ལ་སྤྲད་ནས།

མི་འགྱུར་རྟག་བརྟན་གྱི་བརྩེ་དུང་ལ་བདེན་དཔང་བྱས།

དེ་བྱིངས་ཀྱི་དུས་ཚོད་ནང་དུ།

ཁ་བས་ལྷག་བསམ་གྱི་རང་གཤིས་གསོ་ཞིང་། 

འཛིན་མས་ཕྱོགས་ལྷུང་གི་མེ་ལྕེ་གསོད་བཞིན་ཡོད། 

ད་དུང་། ཕྱོགས་གཉིས་ཀས། 

དམ་བཅའ་ཡི་བརྐོས་རིས་སྲུང་ནས། 

འབག་བཙོག་གི་དྲི་མ་མེད་པའི་བརྩེ་དུང་གླེང་གིན་ཡོད།

དེ་རིང་། ཡིད་འོང་གི་མཛའ་གཅུགས་ལ་སྨོན་ཞིང་། 

རྣམ་དག་གི་ཞེ་འདང་ལ་མོས་པའི་ཚ་ཟེར་ཅན་ཡང་། 

འཛུམ་བརྒྱ་རབ་ཏུ་གྲོལ་ཞིང་། 

འོད་ཟེར་ཕྱོགས་བཅུར་ཁྱབ་པས། 

ས་གཞི་དྲོད་ཀྱིས་ཁེངས་ནས་འདུག 

དེ་ནི་ཁྱེད་གཉིས་ལ་དབང་བའི་རྟེན་འབྲེལ་ཡིན་ལ། 

འགྲོ་དྲུག་ལ་མཁོ་བའི་བདེ་བ་ཞིག་དེ་བས་ཡིན་ངེས། 


འོན་ཀྱང་། དེང་གི་དུས་སྐབས་ལ། 

དེ་འདྲའི་བརྩེ་དུང་མངལ་ལ། 

དེ་བས་ཡིན་རྟོན་རུང་བའི་སྐྱེ་བོ་ཅི་ཙམ་ཡོད། 

ངས་སོམ་ཉིའི་དྲི་རྟགས་མགོ་ལ་གོན་ནས། 

སོར་མོའི་གྱི་ལིང་དལ་གྱིས་ཁ་བཀག་དགོས་བྱུང་། 


点赞0

收藏

评论
已输入0
全部评论
加载更多评论