རྒྱང་རིང་ནས་ཕ་ཡུལ་དྲན་དུས།
ཉམས་ཐག་པའི་སེམས་པ་འདི།
གྲང་མོའི་རྡོ་དང་སྐྱུར་མོའི་རོ་དེ་ཡིན།
ལུས་སེམས་འདི་ཕ་ཡུལ་ལ་གླན་དུས།
ཚོར་བ་འདི་སྤྲིན་དཀར་དང་འཇའ་ཚོན།
ཐ་ན་རྩྭ་ཐང་དང་མེ་ཏོག
ད་དུང་དེ་དག་ལས་ཀྱང་མཛེས་པ་ཞིག་ཡིན་ངེས།
ཕ་ཡུལ་ནི་མཚོན་ཆ་ངར་མ་ཞིག་སྟེ།
རྡོ་འདྲ་བའི་སྙིང་ཤར་གས་ཁ་བཏབ་མཁན།
འོན་ཏེ། རྣམ་ཤེས་ཁེར་བུད་ཅིག་ལ་བྱིལ་བྱིལ་བྱེད་མཁན།
ཕ་ཡུལ་ཁོ་ན་ལས་མ་འདས་པས།
ཕ་ཡུལ་ནི་རྒྱབ་རི་སྨུག་པོ་དེའོ།
ཡུན་རིང་ཕ་ཡུལ་དང་འགྲོགས་པའི་ཡུལ་མི་ཚོས།
ཕ་ཡུལ་ནི་འཁྱོལ་དཀའ་བའི་དུས་ཚོད་གཅིག་ཏུ་སྒོམ་སྲིད་དེ།
ལན་གཅིག་ཕ་ཡུལ་དུ་ལོག་པའི་མི་ངས།
ཕ་ཡུལ་གྱི་ཉིན་མཚན་ཧ་ཅང་ཐུང་བར་མཐོང་ཡོད།
ཕ་ཡུལ།
ཐོན་ཐོན་པའི་མཐའ་མར།
སེམས་ཀྱི་ལོག་མལ།
དྲན་པའི་འཁོར་ཕྱོགས།
ཕྱི་ནང་ཨ་སློག་གིས་བཙལ་རུང་།
འཚོལ་རྙེད་ཐུབ་རྒྱུ་ཁྱོད་ཁོ་ན་ལས་མི་འདུག
点赞0
收藏