དབྱར་ཟླ་ར་བ་འབྲོག་པ་དགའ་བའི་དུས། །
དཔྱིད་དཔལ་ལང་ཚོ་བཞད་པའི་ནམ་ཟླ་རེད། །
བདེ་སྡུག་སྒྱུ་མ་གྲོང་གི་གནས་ཚང་ནས། །
ང་དང་ཁྱེད་ཀྱི་བརྩེ་བ་འབྲོག་པ་འདྲ། །
དབྱར་གྱི་སྤང་ལ་མེ་ཏོག་འཇའ་ཤར་འདྲ། །
འབྲོག་པའི་འཚོ་བ་བདེ་སྐྱིད་ཕུན་སུམ་ཚོགས། །
འཇིག་རྟེན་མི་རྟག་གྲོང་གི་ཡུལ་གྲུ་ནས། །
ང་དང་ཁྱེད་ཀྱི་དུང་སེམས་འབྲོག་པ་འདྲ། །
དབྱར་གྱི་དུས་བཟང་དབྱིག་འཛིན་ཡོངས་ལ་ཁྱབ། །
ཁོར་ར་ཁོར་ཡུག་ནེའུ་གསིང་མཛེས་པས་རྒྱན། །
ལང་ཚོ་མི་རྟག་རྩྭ་རྩེའི་ཟིལ་པ་འདྲ། །
ང་དང་ཁྱེད་ཀྱི་སྙིང་གཏམ་སྔར་ལས་མང་། །
འདི་ལྟར་བདེ་སྡུག་འཁོར་བའི་འཇིག་རྟེན་ནས། །
ང་གཉིས་མི་འགྱུར་གསེར་བྱ་ངང་པའི་ལས། །
དམ་པའི་མདུད་པ་དམ་ཞིང་ལྷོད་མེད་པས། །
མི་ཚེ་མ་རྫོགས་བར་དུ་གནས་ངེས་རེད། །
点赞0
收藏