首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། བརྩེ་བའི་མགུལ་རྒྱན། རང་མདངས་ཀྱིས།

2024-07-23 16:19:13

作者

评论
0

ཁྱེད་ཀྱི་དུང་ཞེན་འོ་མཚོ་འཁྱིལ་ལུགས་ཡག །

ང་ཡི་ཆགས་སེམས་རྦ་རླབས་གཡོ་ཚུལ་བཟང་། །

ང་གཉིས་དམ་ཚིག་འདྲེས་པའི་མཚོ་གཏིང་ན། །

གཞལ་མེད་སྙིང་གི་དྲོད་ཁོལ་ཟད་མཐའ་བྲལ། །


མི་འབྲལ་ཚིག་གི་ཁ་དན་རྡོ་ལ་བྲིས། །

ལོ་གསུམ་ཆར་ཆུས་བརླན་ཡང་མི་འགྱུར་ཏེ། །

སྙིང་སེམས་གཅིག་གིས་སྦྲེལ་བའི་རོགས་ལོ་དང་། །

ཚེ་གཅིག་ལས་ཀྱི་བཞི་ཤད་ལྷན་དུ་འབྲི། །


སྙིང་སྡུག་ཞལ་ཆུང་རི་མོ་པིར་གྱིས་མིན། །

ལྷན་སྐྱེས་མགྲིན་པའི་ངག་འཇམ་ཁུ་བྱུག་མིན། །

དུང་སེམས་ཁ་བའི་ཚོན་མདངས་ཕྱག་བྲིས་མིན། །

འོན་ཀྱང་ཚོགས་དྲུག་ཡུལ་ལ་རབ་ཏུ་རྨད། །


མི་སེམས་ལས་ཀྱིས་སྒྲིག་པའི་གཞིས་ཆུང་ལ། །

དགའ་སྐྱོ་ཚོར་བས་ཟིན་པའི་ལོ་ཟླའི་ཁྲོད། །

མི་ཕྱེད་སྙིང་ན་མཚར་བའི་ན་ཆུང་དང་། །

རེ་སྨོན་གཅིག་མཐུན་མིག་གིས་རྒྱང་ལྟ་བྱེད། །


ཁྱེད་ཀྱིས་ཚེ་གཅིག་རེམ་པའི་ཆོད་སེམས་ཀྱིས། །

ང་ཡིས་མ་འོངས་སྐྱོང་བའི་དུས་ལ་སེམས། །

ང་གཉིས་གཅིག་ཏུ་འཛོམས་པའི་སྐྱེད་ཚལ་ལ། །

རབ་མཛེས་མིག་ལ་འོང་བའི་མེ་ཏོག་འཚོལ། །


ཉིན་མཚན་ཤུགས་ཀྱིས་མ་སྒོམ་ཏིང་འཛིན་གནས། །

ལོ་ཟླ་ཡུད་ཀྱིས་བཅད་རོགས་ཞེ་མཐུན་མ། །

བདག་སེམས་བརྩེ་བའི་མགུལ་ལ་བརྒྱན་པ་ཡིས། །

མི་འབྲལ་ཚིག་གི་བརྡ་ཆད་ངང་གིས་ཤོར། །


点赞0

收藏

评论
已输入0
全部评论
加载更多评论