རི་འདི་པད་མའི་རི་ལ། །
བསང་ཤིང་སྤ་མོས་ཡོམ་ཡོམ། །
དབྱར་ཁ་སྔོ་བཀྲག་ཆེ་ལ། །
དགུན་ཁ་བསང་དྲི་ཞིམ་པ། །
བསང་དེ་བསང་དྲི་ཞིམ་པ། །
གངས་ཀྱི་རྩེ་རུ་བཏང་ཡོད། །
དུ་བ་འཇའ་ཚོན་སྣ་ལྔ། །
ཕ་ཡུལ་ཕྱོགས་ལ་འཁྱིལ་སོང་། །
ཕ་ཡུལ་ཨ་ཅེ་བུ་མོའི། །
སྐྲ་ལོའི་གསེང་ལ་འཐིམས་སོང་།
སྐྲ་ལོ་བཤིག་ན་མ་གཏོགས། །
དུ་བ་ཡལ་ས་མི་འདུག །
点赞0
收藏