首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། གལ་སྲིད་ངས་། ནག་ཤོད་ང་རོའི་འཚེར་སྒྲས།

2024-07-23 16:19:13

作者

评论
0

གལ་སྲིད་ངས་དེ་ལྟར་བཤད་མེད་ཚེ།

ཁྱེད་ཀྱི་སེམས་པ་སྐྲག་དོན་མེད་ལ།

ང་ཡིས་དགོངས་འགལ་གྱི་ཡི་གེ་ཕབ་དོན་མེད།

ང་ཚོ་སྔར་བཞིན་མཉམ་དུ་ལམ་ནས་ཆས་ཆོག


གལ་སྲིད་ངས་དེ་ལྟར་བཤད་མེད་ཚེ།

ཁྱེད་ཀྱི་མིག་ཆུ་ལྷུང་དོན་མེད་ལ།

ང་ཡི་ན་ཟུག་གཏོང་དོན་མེད།

ང་ཚོ་མཉམ་དུ་དགོད་སྒྲས་ཁེངས་ནས་འཆམ་འཆམ་དུ་ཆས་ཆོག


གལ་སྲིད་ངས་དེ་ལྟར་བཤད་མེད་ཚེ།

ཁྱེད་ཀྱིས་ང་ལ་བཀའ་འདྲི་ཞུ་བའི་དུས།

ང་ཡིས་ཁྱེད་ལ་ཨ་ལན་དེ་མུར་སྟེར།

ང་ཚོའི་བར་གྱི་ལམ་ཐག་འདི་ལྟར་རྒྱང་དོན་མེད།


གལ་སྲིད་ངས་དེ་ལྟར་བཤད་མེད་ཚེ།

ཁྱེད་ནི་སྔར་བཞིན་ངའི་ཆེས་ཐག་ཉེ་བའི་མི་དེ་དང་།

ང་ནི་སྔར་བཞིན་ཁྱེད་ཀྱི་ཆེས་ཐག་ཉེ་བའི་མི་དེ་རང་ཡིན་ངེས་པས།

ང་ཚོའི་བར་ལ་ཅི་ཡང་སྦ་གསང་མེད་པར་བརྗོད་ཆོག


点赞0

收藏

评论
已输入0
全部评论
加载更多评论