首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། སྒྲ་རྒྱན་ནས་ཐོན་པའི་ཚིགས་བཅད་ཐོར་བུ། རང་མདངས་ཀྱིས།

2024-07-25 21:59:15

作者

评论
0

སྙན་ངག

ཕྱག་ཟུང་སོར་མོའི་སྒྱུ་རྩལ་ཀློང་ནས་དབྱངས་ཀྱི་འཆར་སྒོ་ལྡེམ་སེ་ལྡེམ་སེ། །

ཁ་དང་ངག་གི་འདེགས་འཇོག་ཁྲོད་ནས་དྲི་ཟའི་མེ་ཏོག་མཛེས་སེ་མཛེས་སེ། །

ཡིད་དབུས་སེམས་ཀྱི་རྩེད་འཇོ་སྤྲིན་དཀར་ལྷ་ལམ་གཞུང་དུ་དྭངས་སེ་དྭངས་སེ། །

ང་དང་སྙན་ངག་ལོ་ཟླའི་བར་ནས་རོགས་ཀྱི་སེམས་པ་མཐུན་སེ་མཐུན་སེ། །

སེམས།

བརྩེ་བའི་འོད་སྣང་མི་འགྱུར་གཤིས་ཀྱི་མཁའ་གཞུང་དྲན་འདང་ཆེ་ཞིང་ཆེ་ཞིང་། །

དུང་བའི་འཛུམ་བག་རིན་བྲལ་མེ་ལོང་དགུ་ཚིགས་ཀློང་དུ་འཐིམ་ཞིང་འཐིམ་ཞིང་། །

བརྩེ་དུང་སེམས་ཀྱི་ཞལ་རས་ལང་ཚོ་མཛེས་པའི་ཉིན་བྱེད་ལྡེམ་ཞིང་ལྡེམ་ཞིང་། །

ཕྲ་ཆུང་དམར་པོའི་དྲོད་ཁོལ་ཡོད་དོ་འགྱུར་མེད་གཤིས་སུ་བརྟན་ཞིང་བརྟན་ཞིང་། །

སྲས་མོ།

སྒེག་ཉམས་སྟོང་གི་སྒྱུ་རྩལ་རི་མོས་སེམས་ཀྱི་བག་ཆགས་གཡོ་འོག་བཀུག་བཀུག །

ཁ་འཇམ་སྙན་རྩོམ་དབྱངས་ཀྱི་ཁུགས་པས་ལུས་ཀྱི་བ་སྤུ་ཤུགས་ཀྱིས་ལངས་ལངས། །

རྣམ་རྟོག་དག་པ་གངས་རིའི་ཚོན་གྱི་དྲན་གཞུང་བརྟན་པོ་བྲག་ལ་བཏེགས་བཏེགས། །

ས་གསུམ་མི་ཡིས་འགྲན་ཟླ་དབེན་པའི་ང་ཡི་ཡིད་འཕྲོག་ཟླ་ལྟར་མཛེས་མཛེས། །  


点赞0

收藏

评论
已输入0
全部评论
加载更多评论