མདོག་ཡལ་བའི་ཁེར་རྐྱང་གི་གྲུབ་གཟུགས།
སྡོང་ལོ་ས་རུ་ལྷུང་བའི་དུས་ཚིགས་ཤིག་དང་ཤིན་ཏུ་མཚུངས།
ལོ་ཟླའི་འཁོར་སྐྱོད་མྱུར་བའི་མི་ཚེའི་ནང་།
གནས་ལུགས་ཀྱིས་དབེན་པའི་ཡིག་འབྲུ་ཁ་ཤས་ཤིག
ངའི་མདུན་གྱི་ཤོག་དཀར་ངོས་སུ་ཡང་ཡང་བཞུར་སྲིད།
དེ་དག་ནི་ཁེར་རྐྱང་གི་གྲུབ་གཟུགས་མཚོན་བྱེད་ཀྱི་ཐ་སྙད་ཉག་ཅིག་ཡིན།
ཐང་ཆད་པའི་རྣམ་ཤེས་ཀྱིས།
ཅི་ཡང་མཐོང་མི་ཐུབ་ནའང་།
སྙིང་པོ་མེད་པའི་གྲང་རླུང་གིས།
ཁེར་རྐྱང་གི་གྲུབ་གཟུགས་གང་སར་སྤུར་བའམ།
མཛེས་སྡུག་གི་ལང་ཚོ་སྒུལ་བའི་དུས་ཚོད་ཀྱིས།
ང་ཚོའི་ཚེ་སྲོག་གི་རྟ་ཕོ་གང་ཞིག་ཏུ་འདེད་ཀྱིན་འདུག
མ་གཞི། ཁེར་རྐྱང་ལ་ཉེ་རིང་མེད་པས།
སྡིབ་སྒྲིབ་ཀྱི་དྲི་མ་ཧ་ཅང་ཕྲ།
དེ་ནི་ལས་འབྲས་ཀྱིས་གནང་བའི་བགོ་སྐལ་དེ་རེད།
点赞
收藏