ཁྱོད་ཅེས་པའི་ཡིག་འབྲུ་འདི་ཡི་ཆེད་དུ།
མི་ཚེའི་སྐྱོ་བ་དང་སྡུག་བསྔལ་མཐའ་དག་ཕྲག་ཏུ་བླངས།
མ་གཞི་སྐྱོ་སྣང་ནི་ཁྱོད་དང་མིག་ཆུ་ནི་ཁྱོད་ཀྱི་བརྩེ་བ་རེད།
ཁྱོད་དང་ཁྱོད་ཀྱི་ཡོད་ཚད་མ་ཐོབ་ན།
ང་ལ་མ་གཞི་འཛུམ་མདངས་དང་དགོད་སྒྲ་མི་འདུག
མིག་ཆུའི་ཀློང་ནས་ཁེར་འབོད་བརྒྱབ།
ཁེར་འབོད་ཀྱི་ཁྲོད་ན་ན་ཟུག་རྒོད།
ན་ཟུག་གི་ཀློང་ན་ཞེད་སྣང་ཆེ།
ཞེད་སྣང་གི་ཀློང་ནས་ཤི་སྙིང་འདོད།
གལ་ཏེ་ཁྱོད་ཅེས་པའི་ཡིག་འབྲུ་འདི་མེད་ན།
ང་ལ་བདེ་སྐྱིད་ལྡན་སྲིད་ཅིང་།
འཁང་ར་དང་ལེ་བདའ།
སུན་སྣང་དང་སྐྱོ་བ་སྐྱེ་མི་སྲིད།
ཡང་གཅིག་བསམ་ན།
ཁྱོད་ཅེས་པའི་ཡིག་འབྲུ་འདི་མེད་ན།
ང་ནི་ཕར་གཡོ་ཚུར་གཡོ་བྱེད་མི་ཤེས་པའི།
སྡོང་སྐམ་ཞིག་ཀྱང་ཡིན་མི་སྲིད་པ་ག་ལ་སྲིད།
དེ་ལྟར་ན།
ཁྱོད་ནི་ཡོད་དགོས་ལ་མེད་མི་རུང་བ་ཞིག་དང་།
རྙེད་ཆོག་ལ་ཐོབ་མི་སྲིད་པ་ཞིག་ཀྱང་ཡིན་སྲིད།
点赞
收藏