首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། ང་དང་འཇའ་ཚོན་ལྷ་མོའི་གཏམ་རྒྱུད། འཇོ་མདའ་པདྨས།

2024-09-26 12:31:31

作者

评论
0

ང་རང་མི་ཡུལ་འདིར་ཐོག་མར་སླེབས་དུས།

མོ་རང་མི་ཡུལ་འདིར་སླེབས་ནས་ལོ་གཅིག་ཏག་ཏག་སོང་ཡོད།


ཚེ་སྔོན་གྱི་བག་ཆགས་མཐུན་པས།

སྐྱེས་ས་དང་འཚར་ས་གཅིག་རེད།

དགའ་ཕྱོགས་དང་རྨི་ལམ་ཡང་གཞི་གཅིག་ཏུ་སྦྲེལ།


ནར་སོན་གྱི་གོ་རིམ་ཁྲོད་ནས། 

ངའི་སྙིང་ཆུང་མོ་ལ་འཁོར་ཞིང་།

མོའི་ཟུར་མིག་ཀྱང་ང་ལ་གཡོ་བར་བྱེད།


དམ་འཁྱུད་ཐེངས་གཅིག་གི་རྗེས་སུ།

རྟག་ཏུ་འགྲོགས་འདོད་ཀྱི་བརྩེ་བའི་ལོ་འདབ་རྒྱས་ཤིང་།

ནམ་ཡང་འབྲལ་མི་འདོད་པའི་དུང་བའི་མྱུ་གུ་འབུས།

འབྲོག་ཐང་གི་སྒང་གཤོང་རེ་རེ་ན།

མེ་ཏོག་དང་རྩྭ་ལྗང་གི་ཟུར་རྩེ་རེ་རེ་ན།

ངེད་གཉིས་ཀྱི་ཆུང་དུས་ཀྱི་ན་ཚོད་ཡོད།


མཐོ་སྒང་གི་ཆར་རླུང་གསེབ་ན།

ནོར་གནག་གི་ངུར་སྒྲའི་ཁྲོད་ན།

ངེད་གཉིས་ཀྱི་གཅིག་ལ་གཅིག་རྟེན་གྱི་འཚོ་བ་ཡོད།

མི་ཚོགས་ཀྱི་འུར་ཟིང་དང་།

སྤྱི་ཚོགས་ཀྱི་འདུ་ལོང་མེད་ས་ནས།

ངེད་གཉིས་ཀྱི་དགའ་བའི་དགོད་སྒྲ་ནམ་ཡང་རྒྱུན་མི་ཆད།


གློ་རྡེག་ཏུ།

ང་རང་ཕོ་ལོ་བཅོ་ལྔར་བསླེབས་ཤིང་།

མོ་རང་ཡང་མོ་ལོ་བཅུ་དྲུག་ཏུ་སོན།

ངེད་གཉིས་ལ་སོ་སོར་གྱེས་པའི།

ཟློག་མེད་ལས་དབང་གི་སྨུག་པ་མགོ་རུ་འཁྲིགས།

དེ་ལྟར།

ཕྱིར་འོང་མེད་པའི་ལོ་ཟླའི་འགྲུལ་བཞུད་ཀྱི་ཁྲོད་ནས།

མོ་རང་བྱིས་པ་ལྔའི་ཨ་མ་ཆགས་ཤིང་།

ང་རང་གྲོང་སྡེའི་བར་གྱི་ག་གེ་མོ་ཞིག་ཏུ་གྱུར།


བརྩེ་བའི་ལག་འཇུ་དྲོན་མོ་དེ།

ཚེ་གཅིག་གི་དྲན་ཤིང་ཡིན།

བརྗེད་མི་ཐུབ་པའི་རི་མོ་ཡིན།


བཞིན་ལ་འཛུམ་ཆུང་བབས་པའི་ཁྱེད་རང་།

ཞེ་རུ་གཡོ་འཕྲུལ་མེད་པའི་ཁྱེད་རང་།

ངའི་མི་ཚེ་འདིའི་ཞེན་ཆགས་ཀྱི་དར་ཐག་ཡིན།

མཚན་ལྗོངས་ཀྱི་རྨི་ལམ་རིང་མོའང་ཡིན།


点赞

收藏

评论
已输入0
全部评论
加载更多评论