ཚེ་ཡི་སྐུད་པ་འཇའ་ཚོན་སྣེ་ལ་མཐུད། །
འཇའ་ཚོན་མི་བརྟན་སྐད་ཅིག་ཉིད་ལ་ཡལ། །
གཏན་དུ་སྡོད་པར་བྲལ་བའི་འཇིག་རྟེན་ནས། །
ཞེ་སེམས་སྨྲེང་བའི་གླུ་ཆུང་འཇགས་མེད་ཡིན། །
དྲོད་འཇམ་ཉི་ཟེར་ཕར་ཕར་ནུབ་པའི་ཚེས། །
མི་འདོད་མི་རྟག་རླུང་ཆེན་དལ་གྱིས་ལྡང་། །
ཚེ་ཡི་བར་སྣང་སྨུག་སྤྲིན་སྟུག་པོས་བསྒྲིབས། །
སེམས་ཀྱི་ཁང་ཆུང་གྲིབ་མས་དལ་གྱིས་གཡོགས། །
སེམས་པས་རི་ལུང་ཉུལ་བའི་ཤུལ་ལམ་ན། །
སྨྲེང་བའི་ན་བུན་སྟུག་པོ་ལང་ལོང་གཡོ། །
རེ་འདུན་མེ་ཏོག་ཁུར་བ་བདག་འདྲ་བའི། །
ཞེ་སེམས་ནམ་ཟླ་སྟོན་གྱིས་བདས་པ་འདྲ། །
མིག་མདུན་མེ་ཏོག་དཀར་དམར་ཁྲ་ཚོམས་དེ། །
སྡུག་གི་ཙག་རླུང་ཁྲོད་ནས་གཟིམས་པའི་དུས། །
སད་སེར་མཚོན་གྱིས་རྨས་པའི་ཤུལ་ལམ་ན། །
སྐྱོ་བའི་མཆི་མས་ས་གཞི་རིམ་གྱིས་བརླན། །
点赞
收藏