དུས་ཚོད་ཀྱི་འཕུར་སྐྱོད་དང་ལྷན་དུ།
བསམ་གཞིག་གི་གཤོག་འགྱུར་གྲིམ་དང་ལྷོད་ལ་འགྲོགས།
ངས་ཕ་ཡུལ་མིན་པའི་ཕ་ཡུལ་གཞན་ཞིག་ཏུ།
འདས་སོང་གི་དྲན་འཆར་མང་པོ།
འཇའ་ཚོན་བཞིན་མཁའ་དབྱིངས་སུ་འཐེན།
ཉི་མ་མུན་ནག་དང་འདྲེས་ལ་ཉེ།
རི་འགྲམ་གྱི་གྲིབ་ནག་རྫོབ་པོ་ཆགས་པའི་སྔ་ལྟས་སུ།
མིག་མདུན་གྱི་མེ་ཏོག་ཁེར་སྐྱེས་འདི་དག
ད་དུང་སུ་ཞིག་གི་འཇིག་རྟེན་ལ་ཆགས་ཤིང་།
ཉེ་རིང་ཆགས་སྡང་གི་ལབ་གླེང་མི་བྱ་བར་ཁུ་སིམ་མེར་གྱུར།
点赞
收藏