གྲོགས་ན་ཟླ་སེམས་ཀྱི་མེ་ཏོག་རེད། །
འདང་བརྩེ་བ་མི་འགྱུར་རྡོ་རྗེ་ཡིན། །
ཁྲེལ་དམ་ཚིག་དམར་པོ་འགྱུར་མེད་ཡིན། །
བྲལ་སོང་ན་ཉིན་མཚན་མི་ཆོད་དོ། །
ཡུལ་དྲན་གདུང་སྨུག་པ་དྭངས་མེད་རེད། །
དུས་རྟག་པར་ཕན་ཚུན་བྲལ་མེད་དུ། །
ལྷན་ཅིག་ཏུ་འཛོམ་པ་དཀའ་མོ་རེད། །
ཡུལ་ལུང་པ་གཅིག་གམ་མི་གཅིག་རུང་། །
ཞེ་སྣང་བ་མཐུན་པས་ཆོག་ནས་འདུག །
ལས་སྨོན་ལམ་མཐུན་ན་འཛོམ་རྒྱུ་སླ། །
ཆུང་བྱིས་དུས་འཚོ་བ་བརྗེད་མེད་རེད། །
དྲིན་ཕ་མའི་སྙིང་གི་གཅེས་ཕྲུག་ཡིན། །
ས་ག་སོང་སྣང་བ་སྐྱིད་པོ་ཡིན། །
ལས་ཅི་བྱས་འགྱོད་པ་ཞེ་ལ་མེད། །
དེ་བསམ་ན་སེམས་པ་སྤྲོ་བས་བྱུང་། །
点赞
收藏