首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། ཞོགས་པའི་གདེང་གླུ། དུང་ཞེན་ཉི་མས།

2024-09-25 10:53:05

作者

评论
0

རྣམ་རྟོག་འཇའ་ཚོན་འཕྲོ་བའི་དབྱིངས་རུམ་ནས། །

ལྷོ་རླུང་དལ་གྱིས་ལྡང་བའི་བར་གསེང་དུ། །

ཁོར་ཡུག་ཕྱི་ནང་རྡུལ་ཕྲན་བསལ་ཤུལ་དུ། །

དད་པའི་མེ་ཏོག་ཅིག་གི་འདབ་བརྒྱ་གྲོལ། །


རང་མདངས་གཡུ་ལྟར་སྔོ་བའི་མཁའ་དབྱིངས་སུ། །

རབ་དཀར་སྤྲིན་གྱི་ཚོམ་བུ་ལང་ལོང་གཡོ། །

དམར་སེར་འཛུམ་འོད་འཕྲོ་བའི་འོད་ཀོར་ལ། །

ཐག་རིང་གེ་སར་ཚོགས་ཀྱིས་དགྱེས་འཛུམ་ངོམས། །


ལྷུན་པོས་གོས་དཀར་གྱོན་པའི་ཁོར་ཡུག་ཏུ། །

ཆུ་ཀླུང་ཤག་ཤག་འབབ་པའི་ཉེ་འགྲམ་དུ། །

དྲི་བསང་སྤོས་ངད་ལྡང་བའི་རི་ལུང་ནས། །

ལང་ཚོའི་མེ་ཏོག་བཞད་པ་སླར་ཡང་དྲན། །


དྲི་མེད་དྭངས་ཤིང་གཙང་བའི་མཁའ་ལམ་ནས། །

ཉི་ཟླའི་འོད་ཀྱི་ཕུང་པོ་འཛད་མེད་འཕྲོས། །

སྐར་ཚོགས་འོད་ལོ་འདར་བའི་མཚན་མོ་རུ། །

དྲང་བའི་གཞུང་ཐིག་རིང་མོས་མཚམས་ཚེག་བཏབས། །


རྟོག་འགྱུ་གློག་གི་འཁྱུག་རྩལ་མ་ལྷོད་ཅིང་། །

དབང་ལྔའི་རིག་འཕྲུལ་མྱུར་མོ་ཕྱོགས་ཀུན་གཡོས། །

དགའ་སྐྱོའི་ཚོར་བས་མྱོས་པའི་མྱོང་ཚོར་དག །

མ་བརྗེད་སེམས་ཀྱི་ཐོག་ནས་གསལ་ལྷང་ངེ་། །


ཐེ་ཚོམ་དྲ་བ་སྤུ་གྲིའི་རྩེ་ལ་བསྐྱོན། །

ཡིད་ཆེས་མེ་ལོང་རབ་རིབ་རྡུལ་གྱིས་དབེན། །

ཞེ་འདང་བརྩེ་བ་རྒྱ་མཚོའི་གཏིང་ལ་འགྲན། །

དགའ་སྤྲོས་ལུས་སེམས་བརླན་པའི་དུས་ཚིགས་ཤིག །


རྐང་སྣེ་ས་རྡོར་ཐོགས་པའི་ཡང་སྟེང་ནས། །

ཨ་སྔོན་དགུང་ལ་བཏེགས་པའི་གྲལ་རིམ་དུ། །

མ་རུང་གདུག་པའི་ཚོགས་ཀྱིས་མ་བསླད་དུས། །

མ་འགྱངས་མྱུར་བའི་རླུང་རྟ་བཅིབ་ལ་རེམ། །


点赞

收藏

评论
已输入0
全部评论
加载更多评论