首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། ང་ཚོ་འདི་ལྟར་ཁ་བྲལ། ཉག་ཕྲན་གྱིས།

2024-11-07 10:12:19

作者

评论
0

ང་ཚོའི་དགའ་སྡུག་གི་འཚོ་བའི་གྲུ་ཆུང་། 

བསིལ་རླུང་གིས་སྐྱོམས་ཏེ་རྒྱ་མཚོའི་ནང་དུ་འཐིམས། 

ངས། ཤུལ་དུ་ལྷག་པའི་རླབས་སྒྲ་ལ་ཉན་བཞིན། 

ང་ཚོའི་བགད་མྱོང་པའི་ལོ་ཟླ་དག་ལ་ཕྱིར་དྲན་བྱས། 


ང་ཚོའི་རིག་སློབ་ཀྱི་སྤོབས་པའི་འཇའ་ཚོན། 

དུས་ཚོད་ཀྱིས་དེད་དེ་ནམ་མཁའི་མཐོང་ལམ་ནས་ཡལ། 

ངས། ཤུལ་དུ་ལྷག་པའི་ནམ་མཁའ་ལ་བལྟས་ནས། 

ངེད་ཚོའི་ངུས་མྱོང་པའི་ལོ་ཟླ་དག་ལ་ཕྱིར་དྲན་བྱས། 


ང་ཚོའི་རྣམ་དག་གི་དགོད་སྒྲའི་མེ་ཏོག

ཉི་ཟེར་གྱིས་གཙེས་ཏེ་སེར་པོར་གྱུར། 

སེར་པོར་གྱུར་ནས་ས་ལ་འཐོར། 

ངས། གསོན་ཤུགས་ཀྱིས་ཕྱུག་པའི་མཉམ་པར་ལ་བལྟ་བཞིན།

མིག་ཟུང་མཆི་མས་བརླན། 


ང་ཚོའི་ལྷད་མེད་ཀྱི་འཛུམ་མདངས་དྲོན་མོ། 

ལོ་ཟླ་དང་ལྷན་དུ་གཞི་ནས་རྒས། 

ངས། ལོ་ཟླས་དེད་སོང་པའི་ཡོད་ཚད་བསམ་བཞིན། 

ངའི་ལང་ཚོ་དང་ན་ཚོད་ང་ལ་ཕྱིར་དྲན་ཞེས། 

ཨུ་ཚུགས་ཀྱིས་འཕག་འཚག་བརྒྱབ། 


点赞

收藏

评论
已输入0
全部评论
加载更多评论