首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། ཁ་བྱང་བྲིས་འཕྲོ། དབྱུག་སྲས་ཀྱིས།

2024-10-26 12:08:53

作者

评论
0

བཅོ་ལྔའི་ཟླ་བ་འཚེར་མདངས་ཆེ་བ་ཞིག་ཡིན་མོད།

སྐྱོ་དགོས་པ་ཞིག་ལ་སྐར་མའི་དབུས་ན་ཁེར་རྐྱང་གནས།

གློག་འོད་ཀྱི་འོག་ཏུ་མི་ཚོགས་རྐང་གྲལ་སྒྲིག་སྟེ་འདུག་མོད།

ང་ནི་མི་ཚོགས་མང་པོའི་དབུས་ན་ཡོད་པར་ཤེས་ཀྱང་།

ཟླ་བ་དང་འདྲ་བར་ཁེར་རྐྱང་ཞིག་ཡིན་པ་ད་དུང་མ་ཤེས།


མགོ་ཐོག་ན་ཚེས་པའི་མོག་མོག་པོའི་ཟླ་བ།

དོ་ནུབ་ང་དང་འགྲོགས་ན་ཨེ་ཆོག

ངེད་སེམས་ཀྱི་ཤོག་ལྷེ་ངོས་སུ་ཁ་བྱང་བྲིས་འཕྲོའི་སྟོང་ཆ་ཞིག

དོ་ནུབ་ཁྱེད་རང་ལག་སྒྲོན་དུ་བརྟེན་ནས་སྟོང་ཆ་དེ་བསྐང་ན་བསམ།

ཡ་མཚན་ངང་ཁ་བྱང་གང་ཡིན་ནམ་སྙམ།

ཨེ་དྲན་ཞེས་པའི་ཁ་བྱང་བྲིས་འཕྲོ་ཞིག


གངས་རི་དང་རྫ་ཆུ། རི་བོ་དང་གཙང་པོ། མཚོ་དང་མཚེའུ།

རྩྭ་ཐང་དང་སྤང་ལྗོངས། ནགས་ཚལ་དང་འབབ་ཆུ།

ལེ་དབར་སྟོང་གིས་ཆོད་པའི་ས་རྒྱུས་མེད་ཅིག་ནས།

རྒྱུས་ཡོད་བུ་མོ་ཞིག་གི་གཟུགས་བརྙན་བླངས་ཏེ།

སེམས་ཀྱི་ཤོག་ལྷེ་རུ་པིར་རྩེ་རྣོན་པོས་འབྲི་འདོད།


ཉ་གང་ཟླ་བ་འདྲ་བའི་འདྲེན་བྱེད་དབང་པོ་དེ་འབྲི་དགོས་སམ།

གནག་སྣུམ་སྐྲ་ལོས་སྒལ་ཚིགས་ཡོངས་སུ་ཁེབས་པ་དེ་འབྲི་དགོས།

ཙ་རིའི་སྨྱུག་མ་ལས་ཀྱང་ལྡེམ་ཞིང་སྒེག་པའི་ལང་ཚོ་དེ་འབྲི་དགོས་སམ།

ཡང་ན། བྲིས་སུབ་གཏོང་དུ་མེད་པའི་འཛུམ་མདངས་དེ་འབྲི་དགོས།

གངས་རི་ལས་ཀྱང་དཀར་བའི་སེམས་དེ་འབྲི་དགོས་སམ།

དུང་སེམས་མཚོ་ལས་ཟབ་པའི་ཕྱི་ཐག་དེ་འབྲི་དགོས།


ཡང་ན།

ནུབ་མོའི་བགོ་སྐལ་དུ་སྨིན་པའི་ཟླ་བའི་གཟུགས་བརྙན་དཔེ་རུ་བཞག་སྟེ།

དེའི་ནང་གི་རི་བོང་དཀར་པོ་དྲན་པའི་ཚབ་ཅིག་འབྲི་དགོས་སམ།

དེ་ལས་གཞན་གྱི་མཚོན་བྱེད་རི་མོ་གཞན་ཞིག་བསྐྱར་དུ་འབྲི་དགོས་སམ།


点赞

收藏

评论
已输入0
全部评论
加载更多评论