ས་རུབ་སོང་། གྲང་རླུང་འཁྱག་པོས་ཁྱིམ་གྱི་དྲོད་སྣང་བསྲེགས།
ཆེས་མཇུག་མཐའི་མེ་ལྕེ་དེས། ཁྱིམ་གཞིར་ཅི་ཡང་སྟེར་མ་ནུས།
མི་རྣམས་གཉིད་ལས་སད་རྗེས་སྟོན་ཁ་ཚེས་པ་མཐོང་།
མདང་གི་རྨི་ལམ་དང་དབྱར་ཟླ་ནི་དྲན་ངོགས་སུ་འཁྱུད་དེ་རྒྱང་དུ་ཡིབ།
ཚོར་བ་སྐྱུར་མོ་ཞིག་གིས་ནང་སེམས་སྟོང་པར་གྱུར་ཕྱིན།
ངས་དུས་ཚོད་ཀྱི་རྗེས་མ་ཆོད་པ་གཞི་ནས་ཤེས།
ཉི་འོད་སྔར་བཞིན་གསལ། ས་གཞི་སྔུན་ལྟར་གཙང་།
སྤྲིན་ནག་སྤུ་རྩེ་ཙམ་ཞིག་མེད་པས་ནམ་མཁའ་ཧ་ཅང་དྭངས།
སྒལ་ཚིགས་སྲ་བའི་མི་དག་གིས་རང་རང་གི་བྱ་བར་བརྩོན།
འཚོ་ཚིས་ཀྱི་དོན་དུ་ཉིན་མཚན་གཉིས་ལ་ངལ་ཞིག་གསོ་མི་སྲིད།
འོན་ཀྱང་། ང་དང་ངའི་སྙན་ངག་གཉིས་པོ་ལུང་སྟོང་འདི་སྲུང་མཁན་ཡིན།
ཐལ་རྡུལ་གྱིས་བཀབ་པའི་ལམ་བུ་ཀྱག་ཀྱོག་འདི།
གོ་རིམ་མེད་པའི་མི་ཚེའི་གྲངས་གནས་འདི།
སྐྱོ་གདུང་ཡོད་ཚད་ཀྱིས་གཞལ་མི་ཐུབ་པར་དྲན་ན།
ངས་རང་གི་སྐྱོ་བ་སངས་ཕྱིར། ད་རུང་སྙན་ངག་འབྲི་དགོས།
ཁེར་རྐྱང་གིས་གནང་བའི་འཚོ་བ་ལ་བཀའ་དྲིན་ཞུ་དགོས།
གྲོང་གསེབ་ཀྱི་འུར་ཟིང་འཇགས་སོང་།
ཆར་ཐིགས་ཤིག་གིས་རྒྱུན་བསྲིངས་ཏེ་སྡོང་ལོ་སྦངས།
འཕྲལ་མར་བྲེལ་འཚུབ་ཀྱིས་བྲིས་པའི་སྙན་ངག་དེ།
བཙན་འོག་ནས་ནར་སོན་པའི་མི་ཞིག་དང་འདྲ་ཨང་།
ཆག་གྲུམ་ཤོར་བའི་ཐ་སྙད་ཀྱིས།
རྒྱང་རིང་གི་མཐའ་ལ་མིག་ཞག་འཐེན།
རྨིས་དྲགས་པའི་རྨི་ལམ་ལ་གྱེས་ཕྱག་ཕུལ།
点赞
收藏