ས་ཚིགས་དེ་ནི།
ཕྱོགས་མཚམས་གང་དུ་སྦྲེལ་བའི།
སེམས་ཀྱི་ལོག་མལ་དེ་ཡིན་ནམ།
ཡང་ན་སེར་ཆེན་མེ་ཏོག་ལྟ་བུའི།
ཕ་ཡུལ་གྱི་མི་དང་སྦྲ་གུར།
སྤང་དང་མེ་ཏོག
རྟ་ནོར་ལུག་གསུམ།
ད་དུང་ཡོད་ཚད་ལ་གྱེས་ཕྱག་བཏང་།
ལན་ཀྲུ་ནས་མེ་འཁོར་ལ་བསྡད་དེ།
རི་ནས་རི་བརྒྱུད།
ཆུ་དང་ལ་བརྒལ།
མེ་འཁོར་གྱི་བྲང་གཞུང་རྣོ་ལྕགས་ལ་བརྡར།
དེ་ལྟར།
མེ་འཁོར་གྱི་དབུགས་ཐེངས་གཅིག་གིས།
ཆ་ཡོད་འདྲ་ལ་ཆ་རྒྱུས་མེད་པའི།
ས་ཚིགས་ཤིག་ཏུ་འབྱོར།
མངོན་སུམ་འདྲ་ལ།
ལྐོག་འགྱུར་ཡིན་པའི་གྲོང་ཁྱེར་ཞིག་ཏུ་སླེབས།
ལྷ་སྒྲུང་འདྲ་ལ་རྨི་ལམ་ཡིན་པའི།
གཏམ་རྒྱུད་ཅིག་ཏུ་ཁྲིད།
点赞
收藏