སྲ་ཞིང་མཁྲེགས་པ་མ་ཡིན་ཡང་། །
མེ་ཏོག་ཀུན་ཀྱི་རྟེན་བྱེད་པའི། །
ཡངས་པའི་ས་ཆེན་ཁྱོད་རང་ངོ་། །
གཤེར་ཞིང་བརླན་པ་མ་ཡིན་ཡང་། །
སྐོམ་པའི་གདུང་བ་སེལ་བྱེད་པའི། །
དྭངས་གཙང་ཆུ་མིག་ཁྱོད་རང་ངོ་། །
ཚ་ཞིང་སྲེག་པ་མ་ཡིན་ཡང་། །
ལྷགས་པའི་འཁྱག་རོམ་འཇུ་བྱེད་པའི། །
དབལ་གྱི་མེ་ཕུང་ཁྱོད་རང་ངོ་། །
ཡང་ཞིང་གཡོ་བ་མ་ཡིན་ཡང་། །
འཐིབས་པའི་སྨུག་པ་དྭངས་བྱེད་པའི། །
རླུང་བུ་བསིལ་བསིལ་ཁྱོད་རང་ངོ་། །
ཐོགས་རེག་བྲལ་བ་མ་ཡིན་ཡང་། །
ཉི་ཟླ་ཟུང་གཅིག་འཚེར་བྱེད་པའི། །
མཐའ་ཡས་ནམ་མཁའ་ཁྱོད་རང་ངོ་། །
མདོར་ན་འབྱུང་ལྔ་མ་ཡིན་ཡང་། །
འབྱུང་ལྔའི་བྱེད་ལས་ཀུན་ཚང་བའི། །
གཟུགས་མེད་འབྱུང་བ་ཁྱོད་རང་ངོ་། །
点赞
收藏